དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲ་ནང་རྫོང་གྲ་ཐང་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས།

    གྲོང་སྡོད་ཀྱི་སྣ་འདུས་ཐབས་བཟང་སྤྱད་ནས་ དམངས་ལ་ཞབས་འདེཌ་ཡག་པོ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-18

    གྲ་ནང་རྫོང་གནས་ཡུལ་དུ་ཡོད་པའི་གྲ་ཐང་སྡེ་ཁུལ་ནི་རྫོང་གྲོང་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁུལ་ཁོངས་ཀྱི་གྲས་ཤིག་རེད། གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་བཅའ་སྡོད་བྱས་པ་དང་དེ་བཞིན་སྡེ་ཁུལ་གྱི་ལས་དོན་པ་བསྡུས་ཚུན། ཐབས་མང་མཉམ་སྤྱོད་བྱས་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། སེམས་ནུས་ཡོད་རྒུས་དམངས་ལ་ཞབས་འདེགས་ཀྱང་ཞུས་ཡོད།

    དཔུང་ཁག་གི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་དམ་འཛིན་བྱ་གཞིར་བརྩིས་ནས་སྡེ་ཁུལ་ལས་བྱེད་པ་ཡོངས་ཀྱི་ལས་སྒོའི་ཆུ་ཚད་དང་ཕྱོགས་བསྡུས་ནུས་པ་ཆེ་རུ་ཏན་ཏིག་བཏང་ཞིང་། “གྲོང་སྡོད་ལས་དོན་རུ་ཁག་དང་། ‘ཨུ་ལྷན་གཉིས’ཀྱི་ཚན་ཁག སྡེ་ཁུལ་གྱི་ལས་དོན་པ་བཅས་ཟུང་འབྲེལ”གྱི་ལས་ཀའི་བྱེད་སྟངས་གཏོད་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཚོའི་ལས་བྱེད་པའི་གཅིག་སྡུད་གཞུང་སྒྲུབ་ཉིན་མོ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་སྦྱོང་ཉིན་མོ།“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་ལས་ཀའི་གཞི་རྟེན་ཚད་ལྡན་དུ་གཏོང་བ། གྲོང་སྡོད་ཀྱི་གསོ་སྦྱོང་དང་། གྲོང་དོན་ལྟ་སྐུལ་ཨུ་ཡོན་གྱི་བྱང་ཚད་མཐོར་གཏོང་གསོ་སྦྱོང་། སྤྱི་ཚོགས་ལས་དོན་ནང་མཉམ་ཞུགས་སློབ་སྦྱོང་སོགས་སྒྲིག་འཛུགས་ཧུར་ཐག་བྱས་ཡོད།

    སྡེ་ཁུལ་གྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོཌ་བྱས་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བར་རྨང་གཞི་བཏིང་ཞིང་། “ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ། དུད་སྦྲེལ་ཐེམ་དཔོན། དྲ་མིག་ཅན་གྱི་ལས་དོན་པ་སོགས་ཀྱི“མི་དང་། ས་ཆ། ལས་ཀ་བཅས་ལ་རྒྱུས་མངའ་ཡོད་པའི”ལེགས་ཆ་གང་ལེགས་སྤྱད་ནས་མཉམ་ཤུགས་ཆགས་པ་དང་། “ཉིན་བརྒྱའི་ནང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེན་པོ་བྱེད་པ”གོ་སྐབས་སུ་བྱེད་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གཞི་རྟེན་དུ་བྱེད་པ་བཅས་བྱས་ཏེ། མང་ཚོཌ་ཀྱི་ཁྱིམ་དུ་སྐྱོད་པ་དང་། ཞིང་ནང་དང་མུ་ཁར་སྐྱོད་པ། མི་སྣ་འདུ་འཛོམས་བྱ་ཡུལ་འཚོལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། སྡེ་ཁུལ་གྱི་གནས་ཚུལ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཕྱོགས་ཡོངས་ནས་གསལ་རྟོགས་བྱས་ཡོད།

    སྣ་འདུས་ཐབས་བཟང་སྤྱད་པ་བརྒྱུད། གྲ་ཐང་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་བཅའ་སྡོད་བྱས་ཚུན་ལས་དོན་ཁག་ལ་མཐུན་སྦྱོར་སྐུལ་འདེད་དང་མཉམ་འགུལ་ནུས་ལྡན་གྱི་རྣམ་པ་ཡག་པོ་ཞིག་ཆགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་ཐེངས་5བྱས་པ་དང་། “དམངས་ཀྱི་འབོད་སྒྲ་ཉན་པ་དང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ། དམངས་ཀྱི་སེམས་ཁྲལ་སེལ་བ”བཅས་ཀྱི་ཐོག་ནས་དམངས་ལ་བྱ་བ་དངོས་2བསྒྲུབས་པ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་ནས་གང་བྱུང་དུ་བརྒྱབ་པའི་ཁང་པ་9བཤིག་པ། གད་སྙིགས་གང་བྱུང་དུ་དབྱུག་པ་དང་སྤུངས་པའི་ཁུལ་126བཅོས་སྒྲིག་བྱས་པ། ཆུ་ཡུར་ཐེངས་3བཤངས་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གྲལ་བཤེར་དང་དག་ཐེར་ཐེངས་3བྱས་པ། གནད་དོན་གྱི་གསལ་ཐོ་2བཟོས་པ། གནད་དོན་2དག་ཐེར་བྱས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་3ཞིབ་བཤེར་ཐག་གཅོད་བྱས་པ་དང་། གནད་དོན་ཁག་3དུས་བཀག་ལྟར་དག་ཐེར་བྱེད་དུ་བཅུག་པ། འགལ་ཟླ་དང་རྩོད་གཞི་1འདུམ་འགྲིག་བདེ་བླག་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།