དབུ་ཤོག
  • ཁྱིམ་ཚང་མེ་ཟོན་གྱི་བདེ་འཇགས་ཕྱོགས་སྟོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-18

    ཁྱིམ་ཚང་མེ་ཟོན་གྱི་བདེ་འཇགས་ཕྱོགས་སྟོན།གློག་སྒུལ་སྦག་སྦག་ལ་སྒྲིག་འགལ་ངང་གློག་གསོག་པ་དང་། སོལ་རླངས་ཤོར་བ། གློག་རླངས་ཀྱི་མེ་སྐྱོན་སོགས་ཁྱིམ་ཚང་གི་འཚོ་བའི་ཁྲོད་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མི་ཉུང་བ་ཞིག་གནས་པས། དོན་རྐྱེན་མི་ཐོན་པ་ཇི་ལྟར་བྱེད་དགོས་སམ། ཁྱིམ་ཚང་གི་མེ་ཟོན་བདེ་འཇགས་ཀྱི་ཕྱོགས་སྟོན་འདི་ཉར་ཚགས་ཡག་པོ་གནོངས་དང་། ཁྱེད་རང་ལ་ཕན་ཐོགས་ངེས་རེད།

    གཅིག ཁྱིམ་ཚང་གི་མེ་ཟོན་བདེ་འཇགས།

    (གཅིག) གློག་སྒུལ་རྐང་འཁོར་ཚད་ལྡན་ངང་སྤྱོད་དགོས།

    1. གློག་སྒུལ་རྐང་འཁོར་ཁྲིམས་འགལ་ངང་བཅོས་སྒྲིག་དང་རང་དགར་བཅོས་སྒྲིག་གཏན་ནས་བྱེད་མི་རུང་།

    2. སྐྲུན་དངོས་ཀྱི་སྤྱི་པའི་སྒོ་རྩ་དང་། ཁ་འགྲེམས་བགྲོད་ལམ། ཐོག་སྐས་དབར། བདེ་འཇགས་ཀྱི་ཐོན་སྒོ་བཅས་སུ་གློག་སྒུལ་རྐང་འཁོར་འཇོག་པའམ་ཡང་ན་གློག་སྒུལ་རྐང་འཁོར་ལ་གློག་གསོག་པ་སོགས་བྱེད་མི་རུང་།

    3. གློག་སྒུལ་རྐང་འཁོར་གྱི་གློག་རྫས་ཁྱིམ་དུ་ཁྱེར་ནས་གློག་གསོག་པ་དང་། དུས་ཡུན་རིང་པོ་གློག་བསགས་ནས་འཇོག་པ། གློག་སྐུད་གང་བྱུང་དུ་འཐེན་ནས་གློག་གསོག་པ་བཅས་བྱེད་མི་རུང་།

    (གཉིས) བདེ་འཇགས་ངང་འབར་རླངས་སྤྱོད་དགོས།

    སོལ་རླངས་སྤྱོད་སྐབས་མི་དེ་ནས་ཁ་བྲལ་མི་རུང་། སོལ་རླངས་ཀྱི་སྙི་སྦུག་རྙིང་པ་ཆགས་པ་དང་ཞིག་པ་སོགས་བྱས་ཚེ། དུས་ཐོག་ཏུ་ཆེད་ལས་མི་སྣར་ཉམས་བཟོ་དང་བརྗེ་པོ་རྒྱག་ཏུ་འཇུག་དགོས།

    (གསུམ) མེ་ཆུང་ཆུང་ལ་སྣང་ཆུང་བྱེད་མི་ཉན།

    ཉལ་ཁྲིའི་སྟེང་ཐ་མག་འཐེན་མི་རུང་བ་དང་། ཕྲུ་གུར་མེ་ལ་རྩེད་མོ་རྩེ་མི་ཉན་པའི་སློབ་གསོ་རྒྱག་དགོས། དུས་ཐོག་ཏུ་ཐབ་ཚང་དང་། ཉི་གཡབ། བར་ཁྱམས་བཅས་ཀྱི་ཅ་ལག་ཙག་ཙིག་གཙང་སེལ་བྱེད་དགོས།

    (བཞི) རྟག་ཏུ་གློག་རླངས་ཀྱི་བདེ་འཇགས་ལ་དོ་ཁུར་བྱེད་དགོས།

    1. ཚད་གཞི་ལོན་པའི་གློག་ཆས་ཐོན་རྫས་ཉོ་སྐབས། སྤུས་ཚད་ཀྱི་ཚད་ལོན་ལག་ཁྱེར་མེད་པ་དང་ཐོན་སྐྱེད་བཟོ་གྲྭ་མེད་པའི་སྤུས་ཞན་ཐོན་རྫས་ཉོ་མི་རུང་།

    2. གློག་ཆས་ཡང་དག་ངང་སྤྱོད་དགོས། གློག་ཆས་སྤྱོད་སྐབས་ཐོན་རྫས་ཀྱི་གསལ་བཤད་ཡི་གེ་དང་དོ་སྣང་བྱེད་དགོས་པའི་དོན་གནད་ལྟ་ཀློག་ཞིབ་ཚགས་བྱེད་དགོས་པ་དང་། བེད་སྤྱོད་བྱས་རྗེས་སམ་ཡང་ན་གནས་སྐབས་ཁ་བྲལ་སྐབས་དུས་ཐོག་ཏུ་གློག་ཁུངས་གསོད་དགོས།

    3. ཐེག་ནུས་ལས་བརྒལ་ནས་གློག་གཏན་ནས་སྤྱོད་མི་རུང་། གློག་གྲོན་ཆེ་བའི་སྒྲིག་ཆས་མང་པོ་སྡེབ་གཅིག་ཏུ་བེད་སྤྱོད་གཏོང་བའམ་ཡང་ན་བསྒར་ཁུང་གཅིག་ལ་བསྒར་མི་རུང་།

    4. གློག་སྐུད་དང་རླངས་སྦུག་ཡག་པོ་ཁྲིད་དགོས་པ་ལས་གང་བྱུང་དུ་ཁྲིད་མི་རུང་།

    (ལྔ) བདེ་འཇགས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས།

    ཁ་འགྲེམས་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཟུང་སྤྱོད་དང་བཀག་པ་སོགས་བྱེད་མི་རུང་། མེ་སྐྱོན་ཐོན་སྐབས་རང་སྐྱོབ་ཀྱི་རྒྱུན་ཤེས་ཁོང་དུ་ཆུད་པར་བྱེད་པ་དང་། ཁྱིམ་དུ་མེ་གསོད་ཡོ་ཆས་སྒྲིག་སྦྱོར་བྱེད་པ། སྲོག་ཐར་གདོང་ཁེབས་སོགས་མེ་ཟོན་ཡོ་ཆས་སྟབས་བདེ་རྣམས་སྒྲིག་སྦྱོར་བྱེད་དགོས།

    གཉིས། གཤམ་གསལ་གྱི་ཉེན་ཁའི་གནས་ཚུལ་ཐོན་སྐབས་སྲོག་ཉེན་ལས་ཐར་ཐབས་ཇི་ལྟར་བྱེད་དགོས་སམ།

    (གཅིག) གློག་ཆས་ལ་མེ་འབར་སྐབས།

    1. གློག་ཁུངས་གཅོད་དགོས།

    2. དབྱང་གཉིས་ཐཱན་འགྱུར་དང་། མེ་གསོད་ཕྱེ་སྐམ་མམ་ཡང་ན་བྱེ་ས་སྤྱད་ནས་མེ་གསོད་དགོས།

    3. གློག་རླངས་ཀྱི་སྒྲིག་ཆས་དང་གློག་སྐུད་དབར་བར་ཐག་སྨི་2ཡན་འཇོག་དགོས།

    (གཉིས) ཚལ་སླང་ལ་མེ་འབར་སྐབས།

    1. ཚལ་རྣམས་ཟུར་ནས་ག་ལེར་ཚལ་སླང་ནང་བླུགས་ཚེ་མེ་རང་བཞིན་གྱིས་གསོད་ཐུབ།

    2. ཚལ་སླང་གི་ཁེབས་གཅོད་དམ་ཡང་ན་འཕྱི་རས་རློན་པས་ཚལ་སླང་གི་ཁ་བཀབ་ཚེ་མེ་གསོད་ཐུབ།

    (གསུམ) སོལ་རླངས་ཤོར་སྐབས།

    1. གློག་ཆས་ཀྱི་བསད་སྤར་ལ་གཏན་ནས་རེག་མི་རུང་།

    2. ལེ་ཀྲ་དང་སྦི་ཅི་ལི་སོགས་སྤྱོད་མི་རུང་།

    3. འཕྲལ་དུ་སོལ་རླངས་ཀྱི་གཅུས་སྒོ་བསྒྲིམས་རྗེས་སྒོ་དང་སྒེའུ་ཁུང་ཕྱེ་དགོས།

    4. ཉེན་བརྡ་སྙན་སེང་ཞུ་དགོས་ཚེ། མེ་སྐྱོན་ཐོན་ས་དང་རིང་དུ་བསྡད་ནས་ཁ་པར་རྒྱག་དགོས།

    (བཞི) གློག་ཀླད་ལ་མེ་ཤོར་སྐབས།

    1. གློག་ཁུངས་བཀོག་སྟེ་མེ་གསོད་ཕྱེ་སྐམ་མམ་ཡང་ན་དབྱང་གཉིས་ཐཱན་འགྱུར་མེ་གསོད་ཡོ་ཆས་སྤྱད་ནས་མེ་གསོད་དགོས།

    2. ས་གདན་རློན་པའམ་ཡང་ན་སྲིང་བལ་མལ་ཆས་ཀྱིས་གློག་ཀླད་མྱུར་དུ་བཀབ་དགོས།

    3. མེ་འབར་བའི་གློག་ཀླད་ལ་ཆུ་བཤོ་མི་རུང་།

    (བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།