དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དགོས་མཁོ་ཤེས་རྟོགས་གང་ལེགས་བྱས། ཡར་རྒྱས་གསོན་ཤུགས་ལྷག་པར་སྦྱིན།

    —— ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་སྤང་དཀར་ཐང་སྡེ་ཁུལ་གྱིས་དུས་རབས་གསར་པའི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-18

    འདི་ནི་སྤང་དཀར་ཐང་སྡེ་ཁུལ་གྱི་ཏང་ཡོན་ཚོས་མ་དངུལ་གྲབས་གསོག་བྱས་ཏེ་རྒྱ་ཚ་རྫོང་རྒན་གསོ་ཁང་གི་རྒན་རྒོན་ལ་འཚོ་བའི་མཁོ་ཆས་སྤྲོད་བཞིན་པ།

    འདི་ནི་སྤང་དཀར་ཐང་སྡེ་ཁུལ་གྱི་ཏང་ཡོན་ཚོས་རྒྱ་ཚ་རྫོང་གི་ཅིང་ཀྲོའུ་ཐང་ཆེན་དུ་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

    ད་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་སྤང་དཀར་ཐང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་སྣེ་ཁྲིད་བྱེད་པའི་སྐོར་གྱི་རིམ་ཁག་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་དང་། གཞི་རིམ་བཅོས་སྐྱོང་གི་ལས་དོན་སྒྲུབ་ཐབས་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་དང་གྲོང་ཁྱེར་བཅོས་སྐྱོང་གི“མཐའ་མའི་སྨི་བརྒྱ”བཏོད་ནས། གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ནུས་པ་དང་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་ཤར་གཏོང་བྱས་ཏེ། མཉམ་སྐྲུན་མཉམ་བཅོས་ཀྱི“མིག་མངས་འགྲིག་སྐོར་གཅིག”ཡག་པོ་བརྩེས་པ།

    ད་ལོ་ནས་བཟུང་། སྤང་དཀར་ཐང་སྡེ་ཁུལ་གྱིས“ཏང་ཨུད་ཆེན་པོའི”མཉམ་ཞུགས་ཚོགས་འདུའི་ལམ་ལུགས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། སྡེ་ཁུལ་གྱི“ཏང་ཨུད་ཆེན་པོས”སྣེ་ཁྲིད་པ་དང“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག ཡུལ་མིའི་འཐུས་མི་སོགས་མཉམ་དུ་ཞུགས་པའི“ཏང་ཨུད་ཆེན་པོའི”མཉམ་ཞུགས་ཚོགས་འདུའི་ལམ་ལུགས་བཟོས་པ་མ་ཟད། སྡེ་ཁུལ་གྱི་བརྟན་ལྷིང་དང་། འཕེལ་རྒྱས། དོ་དམ་བཅས་དང་དེ་བཞིན་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་དྲ་ཐོག་འབྲེལ་གཏུག་དང་དྲ་ཕྱིའི་ངོ་འཕྲད་སོགས་ཀྱི་བྱེད་ཐབས་སྤྱད་ནས“ཏང་ཨུད་ཆེན་པོའི”མཉམ་ཞུགས་ཚོགས་འདུ་ཐེངས་1འཚོགས་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་12ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་པ་དང་འབྲེལ། རིམ་རྩིས་བྱས་ན་གཟའ་འཁོར་རེའི་འཆར་ཅན་ཚོགས་འདུ་ཐེངས་6འཚོགས་པར་ཕྱོགས་བསྡུས་རང་བཞིན་གྱི་ལས་དོན་སྤེལ་ཚུལ་3གྲུབ་ཅིང་། གཙོ་གནད་ལས་དོན་ཁག་30ལྷག་ཙམ་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁག་40ལྷག་ཙམ་ལ་ཕྱོགས་སྡོམ་བྱས་པ་དང་། ལས་དོན་50ལྷག་ཙམ་བཀོད་སྒྲིག་བྱས་པ་བཅས་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་རེད།

    མི་སེར་གྱིས་སྐད་ཆ་ཤོད་པའི་ཐབས་ལམ་བཏོད་དེ། ཏང་དང་མང་ཚོགས་འབྲེལ་འདྲིས་ཀྱི་སྒོ་མོ་ཡངས་པོར་ཕྱེ་བ།

    སྤང་དཀར་ཐང་སྡེ་ཁུལ་གྱིས“དྲ་མིག་ཅན+སྐད་འཕྲིན་ཚོགས་པའི”ཞབས་ཞུ་དོ་དམ་བྱེད་སྟངས་ཁྱབ་གདལ་བཏང་ནས“མང་ཚོགས་ལ་སྐད་ཆ་ཤོད་པ”དང“མང་ཚོགས་ཀྱི་རེ་འབོད་ཉན་པའི”ཕྱོགས་གཉིས་འབྲེལ་འདྲིས་ཞུ་གཏུག་དང་ལེན་གྱི་ལས་སྟེགས་བཏོད་ཅིང་། སྐད་འཕྲིན་ཚོགས་པ་བརྒྱུད་དམངས་ཀྱི་རེ་འབོད་བསྡུ་རུབ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། འགལ་ཟླ་སེལ་བ་སོགས་ཀྱི་ལས་དོན་སྤེལ་བ་རེད།

    མིག་སྔའི་བར། སྡེ་ཁུལ་དེའི་དྲ་མིག་གི་དོ་དམ་ཁོངས་གཏོགས་7གྱི་ནང་སྒེར་གཉེར་བཟོ་ཚོང་དུད་ཚང་530ཡི་ཚོང་ཁང་ཚོགས་པ་7དང་། ཁང་བདག་275ཡི་ཁང་བདག་ཚོགས་པ་7 ཡུལ་མི་1400ལྷག་ཙམ་གྱི་ཁུལ་ཆུང་ཚོགས་པ་6བཅས་བཙུགས་ནས་ཡུལ་མིའི་ཞུ་གཏུག་ཆུང་ངུ་50ལྷག་ཙམ་བདག་སྤྲོད་བྱས་པ་དང་དོན་དག་48ཐག་གཅོད་བྱས་པར་བརྟེན། མང་ཚོགས་ཕྱིར་དོན་མི་དགོས་པར་དོན་དག་སྒྲུབ་ཐུབ་པ་དང་མཛུབ་རྩེ་འགུལ་བ་ཙམ་གྱིས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ཐག་གཅོད་ཐུབ་པར་གྱུར་ཡོད།

    མིག་སྔའི་བར། སྡེ་ཁུལ་དེས་རིམ་རྩིས་བྱས་ན་དུད་ཁྱིམ་ལ་འཚམས་འདྲི་ཐེངས་191བྱས་པ་དང་ཁོངས་གཏོགས་ཁུལ་གྱི་སྡོད་ཁང་དང་། མི་འབོར། ཁང་པ་སོགས་ཀྱི་གྲངས་གཞིའི་ཆ་འཕྲིན་5000ལྷག་ཙམ་འཚོལ་བསྡུ་བྱས་ཏེ་སྙིང་ཉེ་བའི“ཕྱག་མཛོད་རྣམ་པའི”ཞབས་འདེགས་ཞུས་ནས་དྲ་མིག་དོ་དམ་ལས་དོན་དེ་དུས་ཀུན་ཏུ་སྒྲུབ་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། བར་ཐག་མེད་པ་བཅས་བྱུང་ཡོད།

    གཞི་རིམ་གྱི་བཅོས་སྐྱོང་ཐབས་ལམ་རྒྱ་ཆེར་བཏང་ནས། མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་པ།

    སྤང་དཀར་ཐང་སྡེ་ཁུལ་གྱིས་སྡེ་ཁུལ་ཧྲུའུ་ཅིའི་སློབ་ཁང་དང“སེ་འབྲུ་རྡོག་པོའི”སློབ་ཁང་སོགས་བཙུགས་ཤིང་། མང་ཚོགས་དང་འབྲེལ་འདྲིས་བྱས་ནས་དམངས་ཕན་སྲིད་ཇུས་དང་། མི་བཟང་བྱ་བཟང་། བཅའ་ཁྲིམས་རྒྱུན་ཤེས་སོགས་ཀྱི་ནང་དོན་ལ་དམིགས་ཏེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་འབྲེལ་གཏུག་དང་སེམས་རྩ་འཁོལ་པོས་སྤེལ་རེས་བྱས་པ་མ་ཟད། སྣ་མང་རང་བཞིན་གྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་མི་སེམས་ལ་སྐུལ་ལྕག་ཐེབས་པ་དང་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ཡོད་པ་རེད།

    ད་ལོ་ནས་བཟུང་། སྤང་དཀར་ཐང་སྡེ་ཁུལ་གྱིས་རིམ་རྩིས་བྱས་ན་དགེ་སྒྲུབ་ཚོགས་པའི་དགེ་སྒྲུབ་མ་དངུལ་སྒོར་ཁྲི་0.7དང་ལེན་བྱས་པ་དང་། ཟས་རོགས་འཛད་སྤྱོད་འཛིན་ཤོག་119སྤྲད་པ། དམངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཐང་ཆེན་ཞབས་བྲོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་90ལྷག་ཙམ་སྤེལ་བ་བཅས་བྱས་ཤིང་། སྡེ་ཁུལ་རིག་རྩལ་རུ་ཁག་གི་འཐུས་མིས་རྒྱ་ཚ་རྫོང་གི་ཚབ་ཞུས་ཏེ“ལྷོ་ཁ་གྲོང་ཁྱེར་གྱི་2024ལོའི་དམངས་ཡོངས་ཀྱི་སྒོར་གཞས་འགྲན་བསྡུར་ཆེ་མོའི”ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

    གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་འཕེལ་བར་བྱས་ནས། ཏང་ཡོན་དང་མང་ཚོགས་ཀྱི་བློ་སེམས་གཅིག་ཏུ་སྦྲེལ་བ།

    སྤང་དཀར་ཐང་སྡེ་ཁུལ་གྱིས“སྐར་གསོག་ལམ་ལུགས”ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི“གནས་སྟངས་ཆེན་པོ”བཏོད་ཅིང་། 《སྡེ་ཁུལ་དུ་བཅའ་སྡོད་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་ཏང་རྩ་འཛུགས་སྡེ་ཁུལ་དུ་འབྱོར་ཐོ་འགོད་པའི་ཞབས་ཞུའི་སྐར་གསོག་ལམ་ལུགས་ཀྱི་དོ་དམ་བྱ་ཐབས》བཟོས་ནས་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་འགོད་པ་གཉིས”དང་། ཟླ་དུས་ཀྱི་བཞུགས་མོལ་མཉམ་ཞུགས། དམངས་འཚོའི་ཞབས་ཞུའི་བྱེད་སྒོ་ཆུང་གྲས་རིགས་བརྒྱད། ཆ་སྒྲིག་མཉམ་སྐྲུན་དཔེ་སྟོན་ས་ཚིགས་རྩེ་གྲ་བཅུ་གཏོད་པ་སོགས་ཀྱི་ལས་དོན་ལ་དམིགས་ནས་གཞི་རིམ་བཅོས་སྐྱོང་གི“བསམ་འདུན་ཆེན་པོ”དང“བསམ་འདུན་ཆུང་ངུ”བཟོས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་ཏང་ཡོན་113སྡེ་ཁུལ་དུ་བསྐྱོད་དེ“འབྱོར་ཐོ་འགོད་པ་གཉིས”ཀྱི་ལས་དོན་སྤེལ་བ་དང་། “བསམ་འདུན་ཆེན་པོ”4དང་བསམ་འདུན་ཆུང་གྲས་7ཁས་ལེན་སྒྲུབ་རོགས་བྱས་ནས་བསམ་འདུན་གྲུབ་པའི་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་64ལྷག་ཙམ་གྲབས་གསོག་བྱས་པས་མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།