དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་9པར་CPIཡི་ཟླ་བསྡུར་མཉམ་པ་དང་PPIཡི་ ཟླ་བསྡུར་ཆག་ཚད་ཆུང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-17

    ཚེས་13ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2024ལོའི་ཟླ་9པར་རྒྱལ་ཡོངས་ཀྱི་CPI(གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས)དང་PPI(བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྟོན་གྲངས)ཡི་གྲངས་གཞི་ཡོངས་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར། ཟླ་9པར་འཛད་སྤྱོད་ཁྲོམ་རའི་འཁོར་རྒྱུག་སྤྱིར་ན་བརྟན་པོ་ཡོད་པ་དང་རིན་གོང་སྤྱིར་ན་བརྟན་པོ་ཡོད་ཅིང་། རྒྱལ་ཡོངས་ཀྱི་CPIཡི་ཟླ་བསྡུར་མཉམ་ནས་དུས་མཚུངས་ལས་0.4%འཕར་བ་དང་། རྒྱལ་སྤྱིའི་ཐོན་འབོར་ཆེ་བའི་ཚོང་ཟོག་གི་རིན་གོང་འཕར་ཆག་དང་དེ་བཞིན་རྒྱལ་ནང་ཁྲོམ་རའི་ནུས་ལྡན་དགོས་མཁོ་མི་འདང་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་PPIཡི་ཟླ་བསྡུར་ཆག་ཚད་ཆུང་དུ་ཕྱིན་ནས་དུས་མཚུངས་ལས་ཆག་ཚད་ཆེ་རུ་ཕྱིན་ཡོད་པ་རེད།

    ཟླ་བསྡུར་ནས་བལྟས་ན། ཟླ་9པར་བཟའ་བཅའི་རིན་གོང་0.8%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་2.6ཆག་ནས་CPIཡི་ཟླ་བསྡུར་བརྒྱ་ཆའི་གྲངས་0.16ཙམ་འཕར་རྒྱུར་ཤུགས་རྐྱེན་ཐེབས་ཡོད། བཟའ་བཅའི་ཐད་སློབ་འགོ་ཚུགས་པའི་དུས་ཚིགས་དང་ཟླ་མཆོད་དུས་ཆེན་སོགས་ཀྱི་ཤུགས་རྐྱེན་ལས་སྔོ་ཚལ་དང་། སྒོ་ང་། ཤིང་འབྲས་སོས་པ། ཕག་ཤ་བཅས་ཀྱི་རིན་གོང་4.3%དང་། 2.5% 2.1% 0.4%བཅས་སོ་སོར་འཕར་བ་དེས་CPIཡི་ཟླ་བསྡུར་བརྒྱ་ཆའི་གྲངས་0.17ཙམ་འཕར་རྒྱུར་ཤུགས་རྐྱེན་ཐེབས་ཡོད། ཉ་རྒྱ་བསྡམས་པའི་དུས་ཚོད་ཡོལ་རྗེས་ཆུའི་ཐོན་རྫས་མཁོ་སྤྲོད་བྱེད་མང་དུ་ཕྱིན་ནས་རིན་གོང་0.5%ཆག་ཡོད། བཟའ་བཅའ་མིན་པའི་རིན་གོང་0.2%ཆག་པ་དང་ཆག་ཚད་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆུང་དུ་ཕྱིན་ནས་CPIཡི་ཟླ་བསྡུར་བརྒྱ་ཆའི་གྲངས་0.18ཙམ་ཆག་རྒྱུར་ཤུགས་རྐྱེན་ཐེབས་ཡོད། བཟའ་བཅའ་མིན་པའི་ཐད། དབྱར་ཁའི་གུང་གསེང་རིང་ཕྱིར་སྐྱོད་ཚད་ཉུང་དུ་ཕྱིན་ནས་གནམ་གྲུའི་སྤ་སེ་དང་། མགྲོན་ཁང་། ཡུལ་སྐོར་བཅས་ཀྱི་རིན་གོང་14.8%དང་། 7.4% 6.3%བཅས་སོ་སོར་ཆག་ཡོད་པ་རེད།

    ཟླ་བསྡུར་ནས་བལྟས་ན། PPIཡི་ཟླ་བསྡུར་0.6%ཆག་པ་དང་ཆག་ཚད་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆུང་དུ་ཕྱིན་ཡོད་པ་རེད། དེའི་ནང་ཐོན་སྐྱེད་རྒྱུ་ཆའི་རིན་གོང་0.8%ཆག་པ་དང་ཆག་ཚད་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆུང་དུ་ཕྱིན་པ་དང་། འཚོ་བའི་རྒྱུ་ཆའི་རིན་གོང་དེ་འཕར་ཆག་མེད་པ་ནས་0.1%ཆག་ཡོད། རྒྱལ་སྤྱིའི་སྣུམ་གོང་ཆག་པ་དེས་རྒྱལ་ནང་གི་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་ལས་རིགས་ཀྱི་རིན་གོང་3.2%ཆག་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།