རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ།
སྤྱི་པའི་གྲངས་གཞིའི་ཐོན་ཁུངས་ཀྱི་དབང་བསྐུར་གཉེར་སྐྱོང་བྱེད་སྟངས་ཚད་ལྡན་དུ་གཏོང་བ།
ཉེ་ཆར། སྤྱི་པའི་གྲངས་གཞིའི་ཐོན་ཁུངས་ཀྱི་དབང་བསྐུར་གཉེར་སྐྱོང་བྱེད་སྟངས་ཚད་ལྡན་དུ་གཏོང་ཆེད། རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《སྤྱི་པའི་གྲངས་གཞིའི་ཐོན་ཁུངས་ཀྱི་དབང་བསྐུར་གཉེར་སྐྱོང་བྱེད་སྟངས་ཀྱི་ལག་བསྟར་ཚད་གཞི(ཚོད་ལྟའི་ལག་བསྟར)》ཞིབ་འཇུག་བྱས་ནས་འཆར་ཟིན་བཀོད་པ་དང་འབྲེལ། ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད། ཡིག་ཆའི་ནང་ཇུས་གཞི་བཟོ་བ་དང་། གཉེར་སྐྱོང་ལག་བསྟར། གཉེར་སྐྱོང་དོ་དམ་སོགས་ལ་དམིགས་ནས་ཞིབ་ཕྲའི་བླང་བྱ་རབ་དང་རིམ་པ་བཏོན་ཡོད་པ་རེད།
ཡིག་ཆ་གཞིར་བཟུང་། དབང་བསྐུར་གཉེར་སྐྱོང་གི་བྱེད་སྒོ་སྤེལ་སྐབས་སྲིད་འཛིན་གྱི་དབང་ཆ་དང་ཁྲོམ་རའི་བཀོལ་སྤྱོད་གནས་བབ་གང་བྱུང་དུ་སྤྱད་དེ་འགྲན་རྩོད་ཕྱིར་འབུད་དང་ཚོད་འཛིན་བྱེད་མི་ཆོག་པ་དང་གྲངས་གཞི་དང་། རྩིས་ཐབས། ལག་རྩལ། མ་རྩའི་ལེགས་ཆ་སོགས་སྤྱད་དེ་སྒེར་སྡེམ་གྱི་བྱ་སྤྱོད་སྤེལ་མི་ཆོག
གཉེར་སྐྱོང་སྒྲིག་གཞིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དབང་བསྐུར་ཁྱབ་ཁོངས་ནང་ལས་སྒོ་སྤེལ་དགོས་པ་ལས་དབང་བསྐུར་ཁྱབ་ཁོངས་ནང་རྩིས་སྤྲད་པའི་སྤྱི་པའི་གྲངས་གཞིའི་ཐོན་རྫས་དང་ཞབས་ཞུ་བསྐྱར་དུ་གསར་སྤེལ་བྱེད་པར་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱིས་ཞུགས་མི་ཆོག གཉེར་སྐྱོང་བྱེད་པོ་གཞན་དག་ལ་གཉེར་སྐྱོང་སྒྲིག་གཞིས་རྩིས་སྤྲད་པའི་སྤྱི་པའི་གྲངས་གཞིའི་ཐོན་རྫས་དང་ཞབས་ཞུ་བསྐྱར་དུ་གསར་སྤེལ་བྱས་ནས་ཁུངས་མང་གྲངས་གཞི་མཉམ་འདྲེས་ཀྱིས་གྲངས་གཞིའི་ཐོན་རྫས་དང་ཞབས་ཞུའི་རིན་ཐང་མཐོ་རུ་བཏང་སྟེ་གྲངས་གཞིའི་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་དར་རྒྱས་ཕུན་སུམ་ཚོགས་སུ་གཏོང་དགོས་པའི་སྐུལ་ལྕག་བྱས་ཡོད་པ་རེད།