ཀོང་ཀྲོའུ་ཚོང་འདུས་སྐབས་136པ་འགོ་ཚུགས་པ།
ཉེ་ཆར། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་སྤེལ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀོང་ཀྲོའུ་ཚོང་འདུས་སྐབས་136པ་འགོ་ཚུགས་པ་རེད། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ལ་དྲ་ཕྱིར་ཁེ་ལས་ཁྲི་3ལྷག་ཙམ་ཞུགས་པ་དང་ཐོན་རྫས་གསར་པ་ཁྲི་115འགྲེམས་སྟོན་བྱས་ཡོད་པ་དང་། ཁེ་ལས་གསར་པ་དང་། ཐོན་རྫས་གསར་པ། ལག་རྩལ་གསར་པ། ལས་རྣམ་གསར་པ་བཅས་འབོར་ཆེན་ཐོན་པར་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་14.7ལྷག་ཙམ་སྔོན་ལ་ཐོ་འགོད་བྱེད་པའི་ཡིད་དབང་བཀུག་ཡོད། འདི་ནི་ཀྲུང་ཕྱིའི་ཚོང་པས་ཀོང་ཀྲོའུ་ཚོང་འདུས་སྐབས་136པའི་འགྲེམས་ཁང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པ།