སྲུབས་ཀ་མ་ལུས་པའི་སྒྱུར་བཀོད་བྱས་ནས་མེ་འཁོར་གྱི་བདེ་འཇགས་ལ་འགན་ལེན་བྱས་པ།
ཉེ་ཆར། མཚོ་བོད་ཚོགས་པ་ཀུང་སི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུས་ལྷ་གཞིས་ལྕགས་ལམ་གྱི་ཏང་གུ་བབས་ཚུགས་སུ་དུས་ཡུན་ཉིན་7གྱི་སྲུབས་ཀ་མ་ལུས་པའི་སྒྱུར་བཀོད་ལས་དོན་སྤེལ་ཞིང་། ལས་གྲྭ་ལེགས་གྲུབ་ཟིན་རྗེས་ལྷ་གཞིས་ལྕགས་ལམ་གྱི་བདེ་འཇགས་རང་བཞིན་དང་བློས་འགེལ་ཆོག་པའི་རང་བཞིན་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཏེ་འགྲུལ་པ་ཚོ་མེ་འཁོར་ལ་སྡོད་རིང་གི་སྐྱིད་སྣང་དེ་བས་ཆེ་རུ་འགྲོ་རྒྱུ་རེད། འདི་ནི་སྒྱུར་བཀོད་བྱ་ཡུལ་ཡིན་པ།