དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གོ་ལ་ཧྲིལ་པོའི་ལས་སྒོར་ལྟ་སྟངས་ནན་ཏན་འཛིན་མཁན་ཁེ་ལས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྲོམ་རར་མཐོང་ཆེན་བྱེད་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞིང་ཞོལ་དང་ཀྲོའུ་ཀྲོ་པིན།   |     སྤེལ་དུས།  2024-10-16

    “ལོ་བཅུ་ཕྲག་ཁ་ཤས་རིང་འབད་འཐབ་རྒྱུན་ཆད་མེད་པར་བྱས་པ་བརྒྱུད། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་ངོ་མཚར་རླབས་པོ་ཆེ་བཏོད་ཡོད”ཅེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་མཚམས་སུ་དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀུའུ་ཕེ་ཆིན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    ཀུའུ་ཕེ་ཆིན་དེ་སྔ་ཕྱི་འབྲེལ་དཔོན་གྱི་འགན་ཁུར་མྱོང་བ་དང་རྗེས་སུ་ཧུའེ་ཧྥུང་དངུལ་ཁང་གི་ཀྲུང་གོར་ཕྱོགས་པའི་ལས་སྒོའི་ནང་ཞུགས། 2019ལོ་ནས་བཟུང་། ཁོང་གིས་དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ཁོང་ཀྲུང་གོ་དང་དབྱིན་ཇིའི་དབར་འགྲོ་འོང་དེ་བས་མང་བ་བྱས།

    ཀུའུ་ཕེ་ཆིན་གྱིས་ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། “གལ་ཏེ་ཀྲུང་གོའི་དཔལ་འབྱོར་མ་འཕར་ན་འཛམ་གླིང་གི་དཔལ་འབྱོར་མངོན་གསལ་དོད་པོ་འཕར་མི་སྲིད། དེ་ནི་དཔལ་འབྱོར་གྱི་སྤྱི་འབོར་འཕར་བའི་ཐད་ནས་མཚོན་པ་ཙམ་མ་ཡིན་པར་སྤུས་ཚད་ཐད་ནས་འཕར་བ་དེ་བས་མཚོན་གྱི་ཡོད” ཁོང་གིས། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ནི་ཀྲུང་གོ་མི་དམངས་ཀྱི་ཁེངས་སྐྱུང་གི་གཤིས་རྒྱུད་དང་། གསར་གཏོད་ཀྱི་སྒུལ་ནུས། ལག་བསྟར་གྱི་སྒྲིག་ཁྲིམས་རང་བཞིན་བཅས་དང་ཁ་འབྲལ་ཐབས་མེད་ལ། བྱ་བ་སྔར་བས་ཡག་པོ་ཇི་ལྟར་སྒྲུབ་པ་དང་། ལས་ཕྱོད་ཆེ་རུ་ཇི་ལྟར་གཏོང་བ། བརྒྱུད་རིམ་དེང་རབས་ཅན་ཇི་ལྟར་ཡོང་བ་བཅས་ལ་ཀྲུང་གོས་དུས་ནམ་ཡང་བསམ་གཞིག་བྱས་པ་ལས་བྱུང་བ་ཞིག་ཡིན་ཞེས་བརྗོད།

    ཀྲུང་གོ་དང་དབྱིན་ཇི་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལོ་མང་བསྟུད་མར་དབྱིན་སྒོར་དུང་ཕྱུར་1000ལས་བརྒལ་བ་དང་ཕྱོགས་གཉིས་པོའི་མ་འཇོག་གསོག་འབོར་དབྱིན་སྒོར་དུང་ཕྱུར་500ཙམ་ཟིན་ཡོད་པ་རེད། ཀྲུང་དབྱིན་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཉིས་ཁེ་གཉིས་ཕན་བྱུང་བ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་པ་དོན་དངོས་ནས་ར་སྤྲོད་གང་ལེགས་བྱུང་ཡོད། ཀུའུ་ཕེ་ཆིན་གྱིས“ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་པའི་མཐའ་མའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་ཐང་དང་། རྒྱུ་ནོར། བདེ་རྩ་བཅས་ཆེ་རུ་གཏོང་ཆེད་ཡིན”ཞེས་བརྗོད། ཡུལ་དུས་མི་འདྲ་བར་ཁོང་གིས་རང་ཉིད་ཀྱི་འདུན་པ་གླེང་བ་སྟེ། རྒྱལ་ཁབ་གཉིས་པོས་དཔལ་འབྱོར་གསབ་རེས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་བྱས་ནས། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་མཐར་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་རྒྱུའི་རེ་བ་ཡོད།

    ཉེ་དུས། ཀྲུང་གོས《ཕྱི་རྒྱལ་ཚོང་པའི་མ་འཇོག་ཆོག་འཐུས་ཀྱི་དམིགས་བསལ་དོ་དམ་བྱ་ཐབས(བཀག་རྒྱ་གསལ་ཐོ)(2024ལོའི་པར་གཞི)》ཡོངས་བསྒྲགས་བྱས་ཏེ་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མ་དངུལ་ཆོག་འཐུས་ཀྱི་ཚོད་འཛིན་ཕྱོགས་ཡོངས་ནས་མེད་པར་བཟོས་པ་དང་། ཀྲུང་གོའི་ཚོང་དོན་པུའུ་སོགས་སྡེ་ཚན་གསུམ་གྱིས་སྨན་བཅོས་ཁྱབ་ཁོངས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་བརྡ་ཐོ་བཏང་ནས། ཀྲུང་གོས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། ཀུའུ་ཕེ་ཆིན་གྱིས་ངོས་འཛིན་བྱས་དོན། ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་བྱ་ཐབས་གསར་པ་ནས་གདེང་ཚོད་མངོན་ཡོད། “གོ་ལ་ཧྲིལ་པོའི་ལས་སྒོར་ལྟ་སྟངས་ནན་ཏན་འཛིན་མཁན་ཁེ་ལས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྲོམ་རར་མཐོང་ཆེན་བྱེད་དགོས”ཞེས་བརྗོད་པ་དང་། ཡང་ཁོང་གིས་བརྗོད་དོན། ཨ་སི་ལི་ཁང་དང་ལི་ཐུའོ་སོགས་དབྱིན་ཇིའི་ཁེ་ལས་ཆེ་གྲས་ཚང་མས་ཀྲུང་གོའི་ཁྲོམ་རར་འཕེལ་རྒྱས་གཏོང་བར་མུ་མཐུད་གཞོལ་རྒྱུ་ཡིན་ཞེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།