སི་ཁྲོན་རྔ་པར་འོས་འགན་སྨན་བཅོས་བྱས་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་བ།
འདི་ནི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་རོགས་སྐྱོར་ལས་དོན་རིགས་གཅིག་མཁས་ཅན་ཚོགས་པས་རྒན་རྒོན་ཚོར་རིན་མེད་ངང་དགུན་དུས་ཀྱི་རྒྱུན་མཐོང་ནད་གཞིར་དམིགས་ཏེ་འོས་འགན་སྨན་བཅོས་བློ་འདྲི་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།
འདི་ནི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་རོགས་སྐྱོར་ལས་དོན་རིགས་གཅིག་མཁས་ཅན་གྱིས་རྒན་རྒོན་ལ་ཁྲག་ཤེད་ལྟ་བཞིན་པ།
2024ལོའི་ཟླ་10ཚེས་11ཉིན། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འབར་ཁམས་གྲོང་ཁྱེར་རྒན་གསོ་ཁང་དུ“ཚོགས་སྒྲིག་རྣམ་པའི”སྨན་བཅོས་རོགས་སྐྱོར་ལས་དོན་རིགས་གཅིག་མཁས་ཅན་ཚོགས་པས་འབར་ཁམས་གྲོང་ཁྱེར་རྒན་གསོ་ཁང་གི་རྒན་རྒོན་ཚོར་རིན་མེད་ངང་ཁྲག་ཤེད་དང་ཁྲག་མངར་ལ་བརྟག་དཔྱད་བྱེད་པ་དང་འབྲེལ་དགུན་དུས་ཀྱི་རྒྱུན་མཐོང་ནད་གཞིར་དམིགས་ཏེ་འོས་འགན་སྨན་བཅོས་བློ་འདྲི་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྒན་རྒོན་ཚོའི་བདེ་ཐང་ལ་སེམས་ཁུར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་རོགས་སྐྱོར་བྱེད་རིང་། རོགས་སྐྱོར་ཚོགས་པས་ཤེས་བྱ་ཁྱབ་གདལ་དང་བདེ་ཐང་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་དུས་བཀག་ལྟར་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་འོས་འགན་སྨན་བཅོས་དང་གཤམ་སྐྱོད་སྐོར་གཡེང་སྨན་བཅོས་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་དེ་བས་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་འདེགས་ཞུས་ཡོད།