དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཉེན་རྟོག་པར་གཅེས་སྐྱོང་དང་དྲོ་སྐྱིད་སྦྱིན་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་སྤུས་འབྲས་ལེགས་གཉེར་ཡོང་བར་གཞོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-10-16

    ཟླ་10ཚེས་11ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ནས་བཟུང་ཞིང་ཆེན་སྤྱི་བདེ་ཐིང་གིས་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་དམིགས་ནས་ཉེན་རྟོག་པར་གཅེས་སྐྱོང་དང་དྲོ་སྐྱིད་སྦྱིན་པའི་ལས་དོན་དེ་ཆབ་སྲིད་ལས་དོན་གྱི་སྤྱིའི་འཆར་འགོད་ནང་བཅུག་ནས་ཐིང་ཁོངས་གཏོགས་ཀྱི་འགན་ནུས་སྡེ་ཚན་11དང་མཉམ་དུ་ཉེན་རྟོག་པར་གཅེས་སེམས་དང་དྲོ་སྐྱིད་སྦྱིན་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་དྲ་རྒྱ་ནས་དྲི་ཤོག་སྤྲོད་པ་བརྒྱུད་ཉེན་རྟོག་པའི་དགོས་མཁོ་མཐིལ་རྟོགས་བྱས་པ་རེད། “ཆབ་སྲིད་པུའི་ཡིག་སྒམ”བཟོས་ནས་རེ་ཞུའི་དོན་ཚན་བདག་སྤྲོད་བྱས་ཤིང་། 2024ལོའི་ཉེན་རྟོག་པར་གཅེས་སྐྱོང་དང་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད་ཀྱི་ལག་བསྟར་ཞིབ་སྲོལ་བཟོས་ནས་བཏོན་པ་དང་། ཕྱོགས་16ཐད་ཀྱི་གཙོ་གནད་ལས་འགན་ཁག་30བཏོན་པ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པར་གཅེས་སྐྱོང་དང་དྲོ་སྐྱིད་སྦྱིན་པའི་ལས་དོན་སེམས་སུ་འཇོག་པ་དང་། དམ་འཛིན་བྱེད་པ། ལག་ལེན་དུ་འཁྱོལ་བ་བཅས་བྱས་ནས་ཉེན་རྟོག་པར་གཅེས་སྐྱོང་དང་དྲོ་སྐྱིད་སྦྱིན་པའི་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།