ཆུ་ཤུར་རྫོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་འདི་ལོ་ཚུན་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གཙོ་རྐང་ལ་དམ་པོར་དམིགས་ནས། འགན་འཁྲི་ཁ་གསལ་དང་། ཁུར་པོ་ཡང་གཏོང་། ཕན་འབྲས་ཆེར་གཏོང་བཅས་དམིགས་ཚད་དུ་བྱེད་པ་དང་། དངོས་སྒྲུབ་དང་། གྲུབ་འབྲས། ཕན་འབྲས་དངོས་བཅས་ཕྱོགས་སྟོན་དུ་བྱས་ཏེ་སློབ་སྦྱོང་སློབ་གསོ་དང་། གཞི་རིམ་བཅོས་སྐྱོང་། ལས་བྱེད་པའི་ལས་དོན་བཅས་དང་དེ་བཞིན་མང་ཚོགས་ཀྱི་དགོས་མཁོའི་ཁྲོད་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་ཧུར་ཐག་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་གཞི་རིམ་ལས་བྱེད་པའི་ཐེག་པ་ཁུར་ལེན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཕྱི་ཚུལ་གྱི་རྣམ་པ་དོར་ནས་ཕན་འབྲས་དངོས་ཆེ་རུ་བཏང་སྟེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》དེབ་ཁྲི་1ཙམ་གཅིག་གྱུར་སྤྲད་དེ་ཇི་མ་ཇི་བཞིན་ལྟ་ཀློག་དང་། གོ་བ་གཏིང་ཟབ་ལེན་པ། ཏན་ཏན་ཏིག་ཏིག་སྒྲུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཁོང་དུ་ཆུད་པ། དོན་འཁྱོལ་བཅས་ཡོང་བར་ཤུགས་སྣོན་བརྒྱབ་ཡོད། མིག་སྔའི་བར《ལས་ཀའི་དྲན་སྐུལ》གྱི་དེབ་ཐེངས་གཉིས་བཀྲམ་པ་དང་། དཔེ་ཀློག་འཛིན་གྲྭ་ཐེངས་29གཉེར་བ། སྤེལ་རེས་བགྲོ་གླེང་ཐེངས་77བྱས་པ། ཉེན་བརྡའི་སློབ་གསོའི་གློག་བརྙན་ཐེངས་108གཅིག་སྡུད་བསྟན་པ་བཅས་བྱས་པས། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་འདུ་ཤེས་དང་ཏང་གཤིས་བློ་སྦྱོང་ཟབ་ཏུ་ཕྱིན་ཡོད།
ཆོ་མེད་ཀྱི་བྱང་བུ་མེད་པར་བཟོས་ནས་ཞབས་ཞུ་ལེགས་སུ་བཏང་སྟེ་རྩ་འཛུགས་འཁོར་སྐྱོད་དེ་བས་ཤར་བགྲོད་ཐུབ་པ་བྱས་ཤིང་། འབྲེལ་ཡོད་ཀྱི་ཇུས་གཞི་བཀྲམ་ནས་གཞུང་ལས་བྱེད་སྒོ་སྤེལ་སར་སྒོ་བྱང་བཀལ་བའི་ལས་དོན་ཚད་ལྡན་དུ་གཏོང་རྒྱུ་འགོ་འཛུགས་སར་བྱས་ནས་ཚད་ལྡན་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། ལས་ཀའི་ཕན་ནུས་ཆེ་རུ་བཏང་ནས་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་དེ་མི་སེམས་གཅིག་སྒྲིལ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་མདུན་མར་འགྱུར་བ་བྱས་ཡོད། གཏན་འབེབས་ནང་རང་སོར་འཇོག་དགོས་པའི་བྱང་བུ་ཕུད། དེ་མིན་གྱི་བྱང་བུ་ཚང་མ་མེད་པར་བཟོས་པ་དང་འབྲེལ་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི“གཅིག་འཐུས་རྣམ་པ”དང“ལས་སྒོ་གཅིག་རྣམ་པའི”ཞབས་ཞུ་ཁྱབ་གདལ་ཧུར་ཐག་བཏང་ནས། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་གོ་རིམ་སྟབས་བདེ་རུ་བཏང་ཞིང་། འདི་ལོ་ནས་བཟུང“གཅིག་འཐུས་རྣམ་པའི་ཞབས་ཞུ”བརྒྱུད་མང་ཚོགས་ལ་མ་མཐའི་འཚོ་བའི་འགན་སྲུང་འགན་ལེན་གྱི་རེ་ཞུ་དང་། སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ། སྤྱི་ཚོགས་རོགས་སྐྱོབ་སོགས་ཀྱི་བྱ་བ་1500ལྷག་ཙམ་བསྒྲུབས་ཡོད།
གྲངས་འབོར་དོར་ནས་སྤུས་ཚད་ལེགས་སུ་བཏང་སྟེ་གཞི་རིམ་བཅོས་སྐྱོང་སྔར་བས་ཚད་ལྡན་དུ་བཏང་ཞིང་། སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུའི་བྱ་བ་ཕྱོགས་ཡོངས་ནས་བཤེར་ཏེ་དགོས་མཁོ་མེད་པ་དང་བསྐྱར་ཟློས་ཀྱི་རེའུ་མིག་རྩིས་ཐོ་མེད་པར་བཟོས་ནས་རྒྱོང་དགོས་པའི་ནང་དོན་ལེགས་སྒྲིག་བྱས་ཡོད། “མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པའི”གྲོས་གླེང་སྟེགས་བུ་འཛུགས་པ་དང་། བྱེད་ཐབས་སྣ་ཚོགས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་བ། འགལ་ཟླ་འདུམ་འགྲིག་ཁང་འཛུགས་པ། གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་བཅས་བྱས་ནས། གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་26ཐག་གཅོད་བྱས་ཡོད། ཆུ་ཤུར་རྫོང་ས་སྨད་གྲོང་ཚོས“འགྱངས་ཆད་གཉིས”ཀྱི་གནད་དོན་གྲལ་བཤེར་ཧུར་ཐག་བྱས་ནས་ཉིན་20ཡི་ནང་མང་ཚོགས་ཀྱི་འགྱངས་ཆད་གླ་ཕོགས་སྒོར་ཁྲི་574.51ཚ་འདེད་བཏང་ཡོད།
བསྐྱར་ཟློས་དོར་ནས་སྤྱོད་ཚུལ་ལེགས་སུ་བཏང་སྟེ་དམངས་འཚོའི་བདེ་རྩ་དེ་བས་ཟབ་ཏུ་བཏང་ཞིང་། སྐད་འཕྲིན་ལས་དོན་ཚོགས་པའི་དོ་དམ་ལམ་ལུགས་གཞིར་བཟུང་སྐད་འཕྲིན་བཀོད་གཏོང་ཚོགས་པ་གཙང་བཤེར་བཅོས་སྒྲིག་བྱས་པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན་ཚོགས་པ་65གཙང་བཤེར་བྱས་ཡོད། “སྤྲིན་རྩིས་བཅོས་སྐྱོང”བྱེད་ཐབས་ཁྱབ་གདལ་བཏང་བ་དང“གསར་བརྗེའི་ཆུ་ཤུར”གཞི་རྟེན་དུ་བྱས་པ། དྲ་ཐོག་ནས“ཐག་གཅོད”དང“དང་ལེན”བཅས་བྱས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་37ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་རིགས་ཁག་གི་གསོ་སྦྱོང་ཐེངས་35བྱས་ནས་ནུས་ཤུགས་ཡོད་རྒུས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ནུས་པ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ཡོད།