དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་སྡོད་དཔུང་སྡེ་ཞིག་གིས།

    སློབ་གྲྭར་རྒྱལ་སྲུང་སློབ་གསོ་ཁྱབ་གདལ་བཏང་ནས་ཕན་འབྲས་དངོས་ཐོན་པར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-16

    གཞོན་ནུ་ལོ་ཆུང་གི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང“སློབ་གྲྭར་རྒྱལ་སྲུང་སློབ་གསོ་ཁྱབ་གདལ་གཏོང་བ་དང་མི་སྣ་སྐྱོང་ནས་རྒྱལ་སྲུང་ལ་སྐུལ་འདེད་གཏོང་བའི”རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་ཆེད། ཉེ་ཆར། བོད་སྡོད་དཔུང་སྡེ་ཞིག་གིས་ས་དགའ་རྫོང་འཕྲང་སྒོ་ཤང་ཆ་ཚང་སློབ་ཆུང་དུ“ཁྲིམས་ལྟར་རྒྱལ་སྲུང་སློབ་གསོ་སྤེལ་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་བྱང་ཚད་མཐོ་རུ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། དཔོན་དམག་ཚོས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སློབ་མ་ཚོར་སློབ་ཚན་ཁྲིད་དེ་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་། གོ་མཚོན་སྒྲིག་ཆས་ལ་ལྟ་སྦྱོང་། བྱ་དགའ་ཡོད་པའི་ཤེས་བྱའི་འགྲན་བསྡུར་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་དང་རྒྱལ་སྲུང་བྱང་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།