དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་གྲུབ་རྫོང་གིས་རྒན་ཡོལ་ཞུས་པའི་ཏང་ཡོན་ཉིང་ཁྲིར་ལྟ་སྐོར་སློབ་སྦྱོང་ལ་འཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-16

    ཉེ་ཆར། ལྷུན་གྲུབ་རྫོང་ཨུད་ཀྱི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་50སྒྲིག་འཛུགས་བྱས་ནས་ཉིང་ཁྲིར་བསྐྱོད་དེ་ཟླ་9པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་ལྟ་སྐོར་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལྟ་སྦྱོང་དང་། སྤེལ་རེས། འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་ཚོས་བོད་ཤར་ལྷོའི་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་དང་། ཉང་ཆུ་གཙང་པོའི་ཡུལ་ལྗོངས་ཁུལ། ང་ཕོད་གྲོང་གསར་སོགས་སུ་བསྐྱོད་དེ“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཚོར་ཐུབ་པ་དང་གསར་བརྗེའི་རྒན་རབས་པ་ཚོས་ཕུགས་བསམ་ཆེད་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་རེད། ཏང་ཡོན་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ཚོར་སྣང་ཟབ་མོ་བྱུང་སྟེ། ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།