དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་རྒྱ་སྨུག་གི་ཆན་ཧྥུའུ་110ཟིན་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ནས་གློག་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-16

    ཉིན་ཤས་གོང་མངའ་རིས་རྒྱ་སྨུག་གི་ཆན་ཧྥུའུ་110ཟིན་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ནས་གློག་གཏོང་འགོ་ཚུགས་པ་རེད། ལས་གྲྭ་དེ་ནི་རྒྱལ་ཁབ་གློག་དྲ་ཀུང་སི་དང་བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་གཙོ་གནད་རྣམ་གྲངས་ཤིག་དང་བོད་ཀྱི་འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀའི་གློག་སྤྲོད་འགན་ལེན་གྱི་འགག་རྩའི་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་ཡིན་ཞིང་། ལས་གྲྭ་དེ་འཁོར་སྐྱོད་བྱས་པ་ལས་འདི་ལོའི་མངའ་རིས་ས་ཁུལ་གྱི་དགུན་གློག་སྙོམ་སྒྲིག་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་རྒྱ་སྨུག་གི་ཆན་ཧྥུའུ་110ཟིན་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དེ་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་དུ་གནས་ཤིང་། ལས་གྲྭར་ཆན་ཧྥུའུ་110ཟིན་པའི་གློག་སྒྱུར་ས་ཚིགས་གཅིག་བསྐྲུན་པ་དང་། ཆན་ཧྥུའུ་110ཟིན་པའི་གློག་སྐུད་སྟོང་སྨི་18དང་། ཆན་ཧྥུའུ་35ཟིན་པའི་གློག་སྐུད་སྟོང་སྨི་19 ཆན་ཧྥུའུ་10ཟིན་པའི་གློག་སྐུད་སྟོང་སྨི་38བཅས་གསར་སྐྲུན་བྱས་ཡོད་པ་རེད། ལས་གྲྭ་དེ་བསྐྲུན་རྗེས་མངའ་རིས་ཀྱི་གློག་དྲའི་གྲུབ་ཆ་སྔར་བས་སྟོབས་ཆེར་འགྲོ་བ་དང་གློག་འདོན་གྱི་བློས་འཁེལ་རང་བཞིན་དང་འགན་ལེན་ནུས་པ་ཆེ་རུ་འགྲོ་རྒྱུ་མ་ཟད། རྒྱ་སྨུག་གི་SVGལས་གྲྭ་སྐྲུན་པར་གློག་གཏོང་ཐུབ་རྒྱུ་རེད།

    གོམ་སྟབས་རྗེས་མར། རྒྱ་ཆེའི་འཛུགས་སྐྲུན་པ་ཚོས་མུ་མཐུད་འབད་བརྩོན་བྱས་ནས“གློག་ཤུགས་དམག་ཧྲག”གི་སྙིང་སྟོབས་དར་སྤེལ་བཏང་སྟེ་འགག་སྒྲོལ་དཀའ་སེལ་དང་བརྟན་ལ་གོ་རིམ་ལྡན་པའི་ངང་ལོ་འཁོར་གྱི་གཙོ་གནད་མཁོ་སྤྲོད་འགན་ལེན་གྱི་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལོ་འཁོར་མོའི་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།