དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས།

    གྲོང་གསེབ་ཀྱི་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-16

    གྲོང་གསེབ་ཀྱི་ལས་བྱེད་པའི་ལས་ཀའི་འཇོན་ཐང་ཆེ་རུ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད། ཉེ་དུས། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་གྲོང་གསེབ་ཀྱི་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་བའི་དུས་ཐེངས་དང་པོའི་གསོ་སྦྱོང་འཛིན་གྲྭ་ཝུའུ་ཧན་སློབ་ཆེན་དུ་གཉེར་བ་རེད། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དང་རྒྱལ་སྨན་ཤང་གི་གྲོང་གསེབ་ཀྱི་ལས་བྱེད་པ་25གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ལ་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་ལ་དམིགས་ནས་ཝུའུ་ཧན་སློབ་ཆེན་ཆབ་སྲིད་དང་སྤྱི་པའི་དོ་དམ་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བའི་ཚོགས་པ་གདན་དྲངས་ཏེ་སློབ་ཁྲིད་བྱས་ཤིང་། ཆེད་དོན་སློབ་ཁྲིད་དང་། དཔེ་མཚོན་སློབ་ཁྲིད། སྤེལ་རེས་བཞུགས་མོལ། ས་ཡུལ་དངོས་སུ་ཞིབ་སློབ་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་གསེབ་དར་རྒྱས་ཀྱི་གནད་དོན་གསར་པ་དང་འཕེལ་ཕྱོགས་གསར་པར་གཞིགས་པ་དང་། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཤང་གྲོང་གི་འགོ་ཁྲིད་ལས་བྱེད་པའི་འགོ་ཁྲིད་ནུས་པ་དང་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ། དྲ་རྒྱའི་གླེང་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པ་སོགས་ལ་དམིགས་ནས་སློབ་ཁྲིད་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་དམ་འཛིན་ཡག་པོ་བྱེད་པ་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་གྲོང་གསེབ་ཀྱི་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་ཤུགས་ཆེན་བཏང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།