དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས། བློ་སེམས་བདེ་པོས་རྒན་གསོར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-16

    འདི་ནི་བྲག་ཡིབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་རྒན་རྒོན་ཚོ་ཤོ་རྒྱག་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་དམངས་འཚོ་འགན་ལེན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐ་སྐྱོང་རང་བཞིན་གྱི་འགན་ལེན་བྱེད་ནུས་སྔར་བས་ཆེ་རུ་གཏོང་བ་དང་། ཀུན་ཕན་རང་བཞིན་གྱི་ཞབས་འདེགས་ལེགས་སུ་བཏང་བས་རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བརྟན་པོ་ཕྱིན་ཡོད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་རྒན་རྒོན་ཚོའི་བསམ་པའི་ཉམས་འགྱུར་ཡག་པ་དང་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ཡོད། ཁོང་ཚོས་བི་ཤུ་འཕེན་པ་དང་ཤོ་རྒྱག་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བས་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ལྟེ་གནས་དེའི་ལས་དོན་པས་ཞིབ་ཚགས་ལ་སེམས་རྩ་འཁོལ་བའི་ཞབས་འདེགས་ཞུས་ནས་རྒན་རྒོན་ཚོ་དེ་གར་སྐྱིད་སྣང་དོད་ལ་བློ་བདེ་པོ་ཡོང་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།