དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཀའོ་ཐའེ་རུ་རླུང་འཁོར་གྱི་འདབ་ལྷེ་ཐོན་སྐྱེད་བྱེད་པར་བྲེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-10-15

    ཉེ་བའི་ལོ་ཤས་རིང་། ཀའོ་ཐའེ་རྫོང་གིས“ཐཱན་གཉིས”ཀྱི་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་རྨ་ནུབ་དོག་ལམ་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་པའི་གོ་སྐབས་གལ་ཆེན་ལ་དམ་འཛིན་ཧུར་ཐག་བྱས་ཏེ། ཆེ་གྲས་ཅན་དང་། རྟེན་གཞི་ཅན། “ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་གཞིགས་ནས་པ་ཏན་ཅི་ལིན་བྱེ་ཐང་གི་ཆན་ཝ་ཁྲི་500ཡི་ཕྱིར་གཏོང་རྟེན་གཞིའི་རྣམ་གྲངས་དང་། ཆན་ཝ་ཁྲི་450ཡི་ཁག་གསུམ་པའི“བྱེ་ཐང་དང་། གྲམ་ཐང་། ཐང་རྒོད”བཅས་ཀྱི་རྟེན་གཞི་ཆེན་པོའི་རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་ཀྱིས་རྟེན་གཞི་ཆེན་པོའི་གློག་ཤུགས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་གྱི་ཐོན་ལས་འཁོར་འབྲེལ་ཚོ་འདུས་ནུས་ཤུགས་ཡོད་རྒུས་བཏོད་པས། ནུས་རྒྱུ་གསར་པའི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་མཐུད་འགྲོ་བའི་མགྱོགས་ལམ་ཐོག་སྐྱོད་ཐུབ་པ་བྱུང་ཡོད། འདི་ནི་ཟླ་10ཚེས་12ཉིན། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀའོ་ཐའེ་རྫོང་བཟོ་ལས་གསར་སྤེལ་ཁུལ་ཧྲང་ཧའེ་གློག་རླངས་རླུང་གློག(ཀྲང་ཡེ)གི་རླུང་འཁོར་གྱི་འདབ་ལྷེའི་ཐོན་སྐྱེད་སྒྲུབ་རིམ་དུ་ལག་རྩལ་པས་རླུང་ཤུགས་གློག་གཏོང་འདབ་ལྷེར་ཞིབ་དཔྱད་ནན་པོ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།