འཛད་སྤྱོད་གྲུབ་ཆའི་ལྗང་མདོག་རིམ་སྤོར་ལ་སྐུལ་འདེད་བཏང་བ།
ཟླ་9ཚེས་26ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་འཛད་སྤྱོད་ཀྱི་གྲུབ་ཆ་ལེགས་སུ་གཏོང་དགོས་ལུགས་བཏོན་ཡོད།
མིག་སྔར་འཛད་རྫས་གསར་རྙིང་རྒྱ་ཁྱབ་བརྗེ་བཞིན་ཡོད་པ་དང་། ས་གནས་ཁག་གིས་དང་ལེན་ཧུར་ཐག་བྱས་ནས་ལེ་ལག་ཚང་བའི་བྱེད་ཐབས་འདོན་བཞིན་ཡོད་པས། འཛད་སྤྱོད་ཁྲོམ་ར་འཁྲུག་པོ་ཆགས་པ་མ་ཟད། ད་དུང་འཛད་སྤྱོད་གྲུབ་ཆའི་ལྗང་མདོག་རིམ་སྤོར་ལ་སྐུལ་མ་ཐེབས་ཡོད།
དགོས་མཁོའི་ཕྱོགས་ནས་བལྟས་ན། སྲིད་གཞུང་གིས་ཁ་གསབ་སྤྲོད་པ་དང་ཁེ་ལས་ཀྱིས་ཁེ་བཟང་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་འཛད་སྤྱོད་པས་དེ་བས་གཟིགས་སྐྱོང་གི་རིན་གོང་ཐོག་ནས་ལྗང་མདོག་དང་རིག་ནུས་ཐོན་རྫས་ལས་བྱུང་བའི་སྤུས་ཚད་དང་ཞབས་ཞུ་ལོངས་སྤྱོད་ཐུབ་པ་མ་ཟད། ཐོན་རྫས་ཀྱི“ལྗང་མདོག་ཆུ་ཚད”ལ་དེ་བས་དོ་ཁུར་བྱེད་ཀྱི་ཡོད་པ་རེད། ཟླ་9ཚེས་2ནས་15ཉིན་བར་རྒྱལ་ཡོངས་ཀྱི་སིལ་ཚོང་ཁེ་ལས་ཀྱི་རིམ་པ་དང་པོའི་ནུས་བསྲིའི་འཁྱག་སྒམ་དང་དྲོད་སྙོམ་འཕྲུལ་ཆས་ཕྱིར་ཚོང་གི་དངུལ་འབོར་དུས་མཚུངས་ལས་27.1%དང་135.0%སོ་སོར་འཕར་ནས་ལྗང་མདོག་འཛད་སྤྱོད་ཀྱི་འདུ་ཤེས་རིམ་གྱིས་འཚོ་བའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།
མཁོ་སྤྲོད་ཕྱོགས་ནས་བལྟས་ན། ཁེ་ལས་ཀྱིས་ཁྲོམ་རའི་དགོས་མཁོར་བརྡ་ལན་སྤྲོད་པ་དང་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་བས་ལྗང་མདོག་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཁྲོམ་རར་བཏོན་ཡོད། ཟླ་9པར་ནུས་གསར་རླངས་འཁོར་གྱི་ཐོན་འབོར་དུས་མཚུངས་ལས་48.8%འཕར་ནས་འཛད་སྤྱོད་ཁྲོམ་ར་ཧ་ཅང་འཁྲུག་པོ་ཡོད་པས། ལྗང་མདོག་ཐོན་རྫས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། སྲིད་ཇུས་དང་བྱ་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་མགྱོགས་པོ་བྱེད་པ་དང་བསྟུན་ནས་འཛད་རྫས་གསར་རྙིང་བརྗེ་རྒྱུ་དེ་འཛད་སྤྱོད་གྲུབ་ཆའི་ལྗང་མདོག་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།