2024ལོའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་གཡོར་གྲུའི་འགྲན་བསྡུར་ཀྲུང་གོའི་པེ་ཧའེ་རུ་བྱས་པ།
2024ལོའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་གཡོར་གྲུའི་འགྲན་བསྡུར་ཀྲུང་གོའི་པེ་ཧའེ་རུ་ཟླ་10ཚེས་10ནས་ཚེས་12ཉིན་བར་ཀོང་ཤིས་པེ་ཧའེ་ཡིན་ཐེན་མཚོ་ཁོངས་སུ་བྱས་པ་རེད། ཀྲུང་གོ་དང་། མ་ལེ་ཞི་ཡ། ཁ་རེ་ཤེ་ཡ། ཐུར་ཁེ། དབྱི་ཐ་ལི། ཧྥ་རན་སེ། ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་ཆུ་ཚད་མཐོ་བའི་གྲུ་གཟིངས་རུ་ཁག་30འགྲན་བསྡུར་ལ་ཞུགས་ཡོད་པ་རེད། འདི་ནི་ཟླ་10ཚེས་12ཉིན་2024ལོའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་གཡོར་གྲུའི་འགྲན་བསྡུར་བྱ་ཡུལ་ཡིན་པ།