དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《ལྷ་ས་གྲོང་ཁྱེར་གྱི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་སྲོལ་ཡིག》དང《ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་གད་སྙིགས་དོ་དམ་སྲོལ་ཡིག》ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-15

    ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2024ལོའི་9ཚེས་26ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གསར་དུ་བཟོས་པའི《ལྷ་ས་གྲོང་ཁྱེར་གྱི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་སྲོལ་ཡིག》དང《ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་གད་སྙིགས་དོ་དམ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་ཡོད། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དེ་གཉིས་2024ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

    ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་དྲུང་ཆེ་ཧོའུ་ཅིང་ཧྭ་ཡིས། ལྷ་ས་གྲོང་ཁྱེར་གྱི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་གྲོང་ཁྱེར་གྱི་ཆ་ཤས་སུ་ཤྭ་འོད་ཀྱི་ཉེན་ཁ་ཅུང་ཆེ་བ་དང་། སྦགས་བཙོག་བསྡུ་རུབ་གཙང་སེལ་བྱེད་ནུས་ཅུང་ཞན་པ། ཆུ་རྒྱུད་ཀྱི་འདམ་རའི་འགྱིག་བལ་ནུས་པར་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་རྩིས་ཡོད་པ་དང་། འཛུགས་སྐྲུན་གད་སྙིགས་དོ་དམ་སྲོལ་ཡིག་ནང་འཛུགས་སྐྲུན་གད་སྙིགས་གཙང་སེལ་གྱི་འགན་འཁྲིའི་བྱེད་པོ་ཁ་གསལ་བཟོས་ནས་འཛུགས་སྐྲུན་གད་སྙིགས་གཙང་སེལ་གྱི་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་དོ་དམ་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། བཟོ་སྐྲུན་གད་སྙིགས་འབྱུང་རྩ་ནས་ཉུང་གཏོང་དང་བསྐྱར་སྤྱོད་བྱེད་པར་སྐུལ་ལྕག་གཏོང་བ། འཛུགས་སྐྲུན་གད་སྙིགས་གཙང་སེལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།