དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ལུགས་ཀྱི་ལུས་གསོའི་བཏུང་བྱར་དགའ་བསུ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-14

    འདི་ནི་ཨན་ཧུའེ་ཧོང་ཧྲན་ཏེ་མིང་ཧྲེ་ཇའི་སྒྱུ་རྩལ་ལས་རིགས་གསོ་སྦྱོང་སློབ་གྲྭ་ནས་པར་བརྒྱབ་པའི་ཀྲུང་ལུགས་ཀྱི་བཏུང་བྱ་གསར་པ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏུའུ་ཡུས་ཀྱིས་པར་བརྒྱབ།

    ཀྲུང་གོའི་འཛད་སྤྱོད་པ་ཀྲུང་ལུགས་ཀྱི་ལུས་གསོའི་བཏུང་བྱའི་ཐོན་རྫས་ཉོ་འདོད་ཆེ་རུ་འགྲོ་བ་ལས་ཁོང་ཚོའི་བསམ་བློར་འགྱུར་ལྡོག་འགྲོ་བཞིན་པ་མངོན་ནས་དེ་བས་བདེ་ཐང་གི་བཏུང་བྱ་སྔོན་ལ་འདེམས་ཀྱི་ཡོད། ཞིབ་འཇུག་མི་སྣས་བརྗོད་དོན། ངོ་བོའི་ཐོག་ནས་བལྟས་ན། ཀྲུང་ལུགས་ཀྱི་ལུས་གསོའི་བཏུང་བྱ་ནི་མངར་ཆ་མེད་པའི་ཇ་ལས་བཟོས་པ་ཞིག་ཡིན་པར་བརྟེན་ཚོང་པས་བདེ་ཐང་དང་། ལུས་གསོ། རང་བྱུང་ཐོན་རྫས་བཅས་ལ་དེ་བས་དགའ་པོ་བྱེད་པའི་འཛད་སྤྱོད་པའི་བསམ་བློ་དང་བསྟུན་ཡོད། ཀྲུང་ལུགས་ཀྱི་ལུས་གསོའི་བཏུང་བྱར་མཚན་ཉིད་གསལ་པོ་མེད་པ་དང་རྒྱུན་དུ་སྲན་དམར་དང་། དབྱི་འབྲས། ཆི་བི་ཁ། འདྲེ་ཚེར་མ་སོགས་བསྲེས་པ་དེ་དག་ཚང་མ་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ལུགས་ཀྱི་ཟ་མའི་རྒྱུ་ཆ་དང་ཀྲུང་ལུགས་གསོ་རིག་གི་སྨན་རྒྱུ་ཡིན། བཏུང་བྱ་དེ་རིགས་ལ་བྲོ་བ་མང་བ་དང་ལུས་གསོ་བའི་ཕན་པ་མང་པོ་ལྡན་ལ། ལྷག་པར་དུ་ན་གཞོན་ཚོའི་དགོས་མཁོ་དང་འཚམ་པོ་ཡོད། གང་ཡིན་ཞེ་ན། ཁོ་ཚོའི་འཚོ་བའི་གོམ་སྟབས་མགྱོགས་པས། སྟབས་བདེ་དང་དུས་ཐུང་ནང་བདེ་ཐང་དང་ལུས་པོའི་འཚོ་བཅུད་དོ་སྙོམས་ཡོང་བར་བྱེད་ཀྱི་ཡོད།

    བཏུང་བྱའི་ལས་རིགས་ནང་ཀྲུང་ལུགས་ཀྱི་ལུས་གསོའི་བཏུང་བྱར་དགའ་བསུ་སྔར་བས་མང་བ་ཐོབ་པ་དེ་ཐོག་ནས་མི་རྣམས་ཀྱིས་བདེ་ཐང་འཛད་སྤྱོད་ལ་ཉིན་བཞིན་སྣང་ཆེན་བྱེད་པའི་འཕེལ་ཕྱོགས་མངོན་གྱི་ཡོད། འགྱུར་ལྡོག་དེ་རིགས་ལས་ཁྲོམ་ར་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ཕུགས་ནས་བལྟས་ན། ཀྲུང་ལུགས་ཀྱི་ལུས་གསོའི་བཏུང་བྱའི་ཁྲོམ་རར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད།

    སིང་ཀ་ཕོར་གྱི《མཚོ་འགག་སྐབས་དོན་ཚགས་པར》ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།