དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་སྟོན་ཁའི་ལས་མི་བསྡུ་བའི་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-14

    མི་སྤྱི་པུའུ་དང་དམངས་སྲིད་པུའུ་སོགས་སྡེ་ཚན་ལྔ་ཡིས་མཉམ་དུ“2024ལོའི་སྟོན་ཁའི་ལས་མི་བསྡུ་བའི་ཟླ་བའི་བྱེད་སྒོ”སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་སྤེལ་ཡུན་ཟླ་བ་གཅིག་ཡིན་པ་དང་ཞབས་འདེགས་ཞུ་ཡུལ་ནི་དམངས་གཉེར་ཁེ་ལས་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ། ཁེར་རྐྱང་བཟོ་ཚོང་དུད་ཚང་། དེ་བཞིན་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི། ཐོ་འགོད་བྱས་པའི་ལས་ཤོར་མི་སྣ་བཅས་གཙོ་བོ་ཡིན་པ་རེད། སྐབས་དེར་ས་གནས་ཁག་གིས་དྲ་ཕྱི་ནས་ལས་མི་བསྡུ་བའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་པ་དང་དུས་མཚུངས་སུ་ལས་གནས་མཚམས་སྦྱོར་གྱི་ཐད་གཏོང་བྱེད་པ་སོགས་ཀྱི་དྲ་རྒྱའི་ལས་མི་བསྡུ་བའི་བྱེད་སྒོ་གཉེར་ནས་ལས་ཀ་གང་མགྱོགས་འཚོལ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་མ་ཟད། ལས་ཀ་འཚོལ་མཁན་གྱི་དགོས་མཁོར་གཞིཌ་ནས་དམིཌ་སའི་རང་བཞིན་གྱི་ལས་རིགས་མཛུབ་ཁྲིད་དང་ཁེ་དབང་འགན་ལེན་གྱི་ཞབས་ཞུ་ཡང་མཁོ་འདོན་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། མི་སྤྱི་པུའུ་ཡིས་ཀྲུང་གོའི་སྤྱི་པའི་ལས་མི་བསྡུ་བའི་དྲ་བར་བརྟེན་ནས“2024ལོའི་སྟོན་ཁའི་ལས་མི་བསྡུ་བའི་ཟླ་བའི”དྲ་རྒྱའི་ཚོགས་ར་གཙོ་བོ་བཙུགས་ཏེ་ལས་མི་བསྡུ་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།