དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “སྐོར་སྐྱོད་ཚན་རྩལ་ཁང”སློབ་གྲྭར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-14

    2024ལོའི་ཟླ་10ཚེས་12ཉིན་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཀོང་ཕིང་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་ཀོང་ཕིང་རྫོང་སློབ་ཆུང་བཞི་པར“སྐོར་སྐྱོད་ཚན་རྩལ་ཁང”གི་ཚན་རིག་ཁྱབ་གདལ་གྱི་སྐོར་འགྲེམས་བྱེད་སྒོ་སྤེལ་བ་རེད། སློབ་མ་ཚོས་ཚན་རིག་ཁྱབ་གདལ་འགྲེམས་ཆས་ལ་བརྟེན་ནས་ཚན་རིག་ཤེས་བྱ་ཤེས་རྟོགས་དང་། ཚན་རྩལ་ཉམས་ལེན། མཐོང་རྒྱ་ཆེར་གཏོང་། ཡོན་ཚད་འཕེལ་བ་བཅས་བྱས་པ་རེད། ཉམས་ལེན་བྱེད་རིང་སློབ་མ་ཚོར་ཚན་རིག་ཤེས་བྱ་སྦྱོང་འདོད་ཀྱི་འདུན་པ་སྐྱེས་པ་མ་ཟད། གཞོན་ནུ་ལོ་ཆུང་སློབ་མའི་སྤྱི་ཡོངས་ཀྱི་ཚན་རིག་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བར་སྐུལ་འདེད་ཐེབས་པ་རེད།

    འདི་ནི་2024ལོའི་ཟླ་10ཚེས་12ཉིན་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཀོང་ཕིང་རྫོང་ཚོད་ལྟའི་སློབ་ཆུང་བཞི་པའི་སློབ་མས“སྐོར་སྐྱོད་ཚན་རྩལ་ཁང”དུ་ཚན་རྩལ་སྤེལ་རེས་སྒྲིག་ཆས་ཉམས་ལེན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།