དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་དམངས་མཉམ་དུ་དར་རྒྱས་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-14

    2024ལོའི་ཟླ་10ཚེས་12ཉིན། ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་ཧུང་རྫོང་ཐེན་ཀང་ཧུའུ་ཤང་ཡའོ་སུང་གྲོང་ཚོའི་ཡོ་འབོག་སྡོང་རྒན་འོག་གྲོང་ཚོའི་ལས་བྱེད་པས་ཏང་ཡོན་དང་མང་ཚོགས་དང་སྙིང་གཏམ་ཤོད་རེས་བྱས་ནས“རེ་གཟའ་སྤེན་པར་ཧྲུའུ་ཅི་དང་ཁ་ཆད་བྱས། ཏང་དམངས་མཉམ་དུ་དར་རྒྱས་སྐོར་གླེང་བ”ཞེས་པའི་བྱེད་སྒོ་སྤེལ་བ་རེད།

    གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད། ཐེན་ཀང་ཧུའུ་ཤང་གིས་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་མཉམ་འགུལ་བྱས་ནས་ས་གནས་ས་ཐོག་ཏུ་དོགས་གནད་ལ་ལན་འདེབས་པ་དང་ཏང་ཡོན་དང་མང་ཚོགས་ལ་ལས་འགན་བསྒྲུབ་ཚུལ་དང་སྤྱོད་གཙང་བསྐྱང་ཚུལ་གསལ་ཞུ་བྱས་པ་མ་ཟད། དམངས་གཙོའི་དཔྱད་བསྡུར་ཡང་བྱས་ཏེ། གྲོང་གསེབ་དར་རྒྱས་གོང་འཕེལ་དང་གཞི་རིམ་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་བ་རེད།

    འདི་ནི་ཟླ་10ཚེས་12ཉིན། ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་ཧུང་རྫོང་ཐེན་ཀང་ཧུའུ་ཤང་ཡའོ་སུང་གྲོང་ཚོར་ཡོ་འབོག་སྡོང་རྒན་འོག་གྲོང་ཚོའི་ལས་བྱེད་པས་ཏང་ཡོན་དང་མང་ཚོགས་དང་མཉམ་དུ་དར་རྒྱས་སྐོར་གླེང་བ་དང་མང་ཚོགས་ཚོས་ལག་པ་བརྐྱངས་ནས་གྲོས་ཐག་གཅོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།