དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་10.3%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-14

    འདི་ནི་ཟླ་10ཚེས་11ཉིན། ཨན་ཧུའེ་ཤོན་ཁྲེང་དུ་དངོས་སུ་ཤར་གཏོང་ཐུབ་པའི་ཤོན་ཅེ་མྱུར་བགྲོད་ལྕགས་ལམ་ཐོག་སྐྱོད་བཞིན་པའི་མེ་འཁོར་ཡིན་པ་དང་། འབྲི་ཆུའི་ཟུར་གསུམ་གྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ་འགྲིམ་འགྲུལ་དྲ་བར་ལམ་ཐིག་གཙོ་བོ་གཅིག་མང་དུ་ཕྱིན་པ།

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་5612ཟིན་པ་དེ་དུས་མཚུངས་ལས་10.3%འཕར་ཞིང་། ལྕགས་ལམ་གྱི་ལམ་ཐིག་གསར་པ་སྤྱི་ལེ་1820སྤྱོད་འགོ་ཚུགས་པ་དེའི་ནང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་སྤྱི་ལེ་1210ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།