དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི“ཟོག་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ལྷོ་ཁར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-14

    ཟླ་10ཚེས་11ཉིན་2024ལོའི་ལྗོངས་ཡོངས་ཀྱི“ཟོག་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི“ཟོག་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་མཉམ་འབྲེལ་ཚོགས་འདུའི་ཚོགས་འདུ་སྡུད་མཁན་ཀརྨ་ཚེ་བརྟན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ས་ཁོངས་ཧྲིལ་པོའི་འཛུགས་གཏོད་ལ་དམིགས་པ་དང་། མ་ལག་ཇུས་འགོད་དང་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར། དེ་བཞིན་ཐོན་ལས་རིམ་སྤོར་དང་རྣམ་གྲངས་སྐུལ་ཁྲིད་སོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ནང་ཧུར་ཐག་ཞུགས་པ། ས་ཁོངས་ཧྲིལ་པོའི“ཟོག་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་ལ་རིམ་བཞིན་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། རིགས་ཡོངས་ཀྱི་བཅོས་སྐྱོང་ལ་དམིགས་ཏེ། བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་དང་། འཚོ་བའི་གད་སྙིགས། འཛུགས་སྐྲུན་གད་སྙིགས། ཞིང་ལས་ཀྱི་སྲ་གཟུགས་ཟོག་རོ། ཉེན་ཆེའི་ཟོག་རོ་བཅས་ཁྱབ་ཁོངས་ཆེན་པོ་ལྔ་ལ་དམིགས་ནས་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་དགོས་པ། འཁོར་འབྲེལ་ཧྲིལ་པོའི་ལྟ་འདོམས་ལ་དམིགས་ཏེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས“ཉུང་འཕྲི་ཅན”རྨང་གཞིར་བྱེད་པ་དང་། “ཐོན་ཁུངས་ཅན”གཞི་རྩར་བྱེད་པ། “གནོད་མེད་ཅན”ལྟེ་བར་བྱེད་པ་བཅས་ཀྱི་ཐོག་ནས་ལྟ་འདོམས་ཀྱི་གདུབ་ཟུམ་ལམ་ལུགས་འཛུགས་དགོས་པ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་དམིགས་པ་དང་སྲ་གཟུགས་ཟོག་རོ་བཅོས་སྐྱོང་ལམ་ལུགས་དང་། ལག་རྩལ། ཁྲོམ་ར། ལྟ་་འདོམས་བཅས་ཀྱི“མ་ལག་ཆེན་པོ་བཞིའི”འཛུགས་སྐྱོང་ལ་དམ་པོར་དམིགས་ཏེ། “ཟོག་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱས་ནས་སྲ་གཟུགས་ཟོག་རོ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པ་བཅས་རེད། དུས་མཚུངས་འཆར་འགོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། སྤྱི་འདོམས་མཐུན་སྦྱོར་མངོན་གསལ་དོད་པོ་ཡོང་བར་བྱེད་པ། འཚོལ་ཞིབ་དང་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དང་། མ་དངུལ། ལག་རྩལ། ཁྲོམ་ར་སོགས་ཐོན་ཁུངས་ཀྱི་རྒྱུ་ཆ་གཅིག་སྡུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས“ཟོག་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།