རྒྱལ་ཡོངས་ཀྱི་སྟོན་འབྲུ་ཕྱེད་ཀ་ལྷག་ཙམ་བརྔ་བསྡུ་ཟིན་པ།
འདི་ནི་ཅང་ཤིས་ཏུའུ་ཁྲང་རྫོང་ཚའེ་ལིང་གྲོང་རྡལ་གྱི་ཞིང་ནང་དུ་ཞིང་འཕྲུལ་ལ་བརྟེན་ནས་ཆུ་འབྲས་བརྔ་བསྡུ་བྱེད་བཞིན་པ།
གསར་འགོད་པས་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར། མིག་སྔར་རྒྱལ་ཡོངས་ཀྱི་ས་ཆ་མང་ཆེ་བར་སྟོན་བསྡུའི་ལས་བྲེལ་ཆེ་ཤོས་ཀྱི་དུས་སུ་སླེབས་པ་དང་ཉིན་དྲུག་བསྟུད་མར་ཉིན་རེར་བརྔ་བསྡུ་བྱེད་ཚད་མུའུ་ཁྲི་3000ལྷག་ཙམ་ཟིན་ཡོད་པ་རེད། ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་ལས་མངོན་པར། ཟླ་10ཚེས་10ཉིན་བར་རྒྱལ་ཡོངས་ཀྱི་སྟོན་འབྲུ་54.8%བརྔ་བསྡུ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.7གྱིས་མགྱོགས་པ་བྱུང་ཡོད་པ་རེད། ལོ་ཏོག་དབྱེ་ནས་བལྟས་ན། མ་རྨོས་ལོ་ཏོག་57.7%བརྔ་བསྡུ་ཟིན་པ་དང་། དུས་ཚིགས་གཅིག་གི་སྨིན་འབྲས་56.9%བརྔ་བསྡུ་ཟིན་པ། སྲན་ཆེན་63.7%བརྔ་བསྡུ་ཟིན་པ། དུས་ཚིགས་གཉིས་ཀྱི་ཕྱི་སྨིན་འབྲས་སྔོན་དཔག་བྱས་ན་ཟླ་10པའི་ཟླ་སྨད་དུ་བརྔ་བསྡུ་བྱེད་འགོ་ཚུགས་རྒྱུ་ཡིན་པ་རེད།