དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རིམ་ལྟར་བསྒྲིགས་པའི་ལོ་རྒྱུས》(དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས)དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-10-12

    ཉེ་ཆར། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་པེ་ཅིང་དུ《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རིམ་ལྟར་བསྒྲིགས་པའི་ལོ་རྒྱུས》(དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས)དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རིམ་ལྟར་བསྒྲིགས་པའི་ལོ་རྒྱུས》(དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས)ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོའི་གཙོ་རྐང་དང་གཙོ་རྒྱུན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པ་དང་། “ཡང་དག་པའི”ཚད་གཞི་དང་བླང་བྱ་མཐའ་འཁྱོངས་དང་ལག་ལེན་བསྟར་བ། དངོས་གཞིའི་ལོ་རྒྱུས་དང་ལོ་རྒྱུས་ཁུངས་མ་བརྗོད་པ་དང་དར་སྤེལ་གཏོང་བ་བཅས་བྱས་ཡོད་པས། སྟོན་ཕྱོགས་ཡང་དག་པ་དང་། ལོ་རྒྱུས་ཀྱི་དོན་དངོས་ཡང་དག་པ། མི་དང་དོན་དག་གསལ་བ། ཡིད་ཆེས་ཆོག་པ་དང་ཀློག་རིན་ཡོད་པ་བཅས་ཡོད་ཅིང་། དེ་ནི་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

    ཤེས་རྟོགས་བྱུང་བར་གཞིགས་ན། 《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རིམ་ལྟར་བསྒྲིགས་པའི་ལོ་རྒྱུས》(དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས)ནང་1921ལོ་ནས་1949ལོའི་བར་ལོ་རེར་བམ་པོ་གཅིག་ཡོད་པར་ཁྱོན་བམ་པོ་29དང་ཡིག་འབྲུ་ཁྲི་900ལྷག་ཙམ་ཡོད་ཅིང་། གཙོ་བོ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་དང་། དམག་དོན། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཕྱི་ཕྱོགས་འབྲེལ་བ། ཏང་འཛུགས་སྐྱོང་སོགས་ཕྱོགས་ཁག་གི་བྱེད་སྒོ་གལ་ཆེན་བཀོད་ནས་ཆབ་སྲིད་རང་བཞིན་དང་། དབང་གྲགས་རང་བཞིན། དཔྱད་གཞིའི་རང་བཞིན། བསམ་བློའི་རང་བཞིན། རིག་གཞུང་རང་བཞིན། གསོན་ཉམས་དོད་པའི་རང་བཞིན་བཅས་གཞི་གཅིག་ཏུ་འདུས་གང་ཐུབ་བྱས་པ་དེ་ནི་ད་བར་ནང་དོན་ཕུན་སུམ་ཚོགས་ཤོས་དང་གཞི་རྒྱ་ཆེ་ཤོས་ཀྱི་ལོ་རིམ་ལྟར་བསྒྲིགས་པའི་ཏང་གི་ལོ་རྒྱུས་ཀྱི་གཞི་རྩའི་བརྩམས་ཆོས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།