དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་གྲོང་ཁྱེར་གཉིས་དང་ཀྲོའུ་དྲུག་ཚང་མར་དབྱར་རྩྭ་དགུན་འབུ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གཉིས་དང་ཀྲོའུ་དྲུག་ཚང་མར་དབྱར་རྩྭ་དགུན་འབུ་ཡོད་ལ། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་466.67ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་ཐོན་འབོར་གྱི་80%ཙམ་བཟུང་ཡོད་པ་རེད།

    དབྱར་རྩྭ་དགུན་འབུ་ནི་མཚོ་བོད་ས་མཐོ་དང་དེའི་མཐའ་འཁོར་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་ཞིང་། དེར་ཐུན་མིན་གྱི་སྨན་སྤྱོད་རིན་ཐང་དང་ཁམས་གསོའི་ནུས་པ་ལྡན་ཡོད་ལ། དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་བདེ་ཐང་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལའང་ནུས་པ་གལ་ཆེན་ཐོན་ཡོད། མཚོ་སྔོན་དང་། སི་ཁྲོན། ཡུན་ནན། ཀན་སུའུ། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡི་དབྱར་རྩྭ་དགུན་འབུའི་ཐོན་འབོར་གྱིས་གོ་ལ་ཧྲིལ་པོའི་སྤྱིའི་ཐོན་འབོར་གྱི་98%ཡན་བཟུང་ཡོད་སྟབས། གོ་ལ་ཧྲིལ་པོའི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོར་གྱུར་ཡོད།

    མཚོ་སྔོན་ཞིང་ཆེན་ཡོངས་སུ་དབྱར་རྩྭ་དགུན་འབུའི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་5300ལྷག་ཙམ་ཡོད་པ་དང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཞིབ་བཤེར་ཆོག་མཆན་ཐོབ་པ་བརྒྱུད། “མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི”ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་ཆེད་སྤྱོད་མཚོན་རྟགས་སྤྱོད་ཆོག་པའི་ཁེ་ལས་23དང་ཉོ་ཚོང་ཁྲོམ་ར་10ཟིན་པ་དང་། ཞིང་ཆེན་ཡོངས་སུ་དབྱར་རྩྭ་དགུན་འབུ་འཐུ་བ་དང་དེ་འབྲེལ་གྱི་ཐོན་ལས་གཉེར་མཁན་མི་ཁྲི་50ཙམ་ཟིན་པ། ལོ་རེའི་ཐོན་འབོར་ཏུན་100ནས་120བར་ཟིན་པ་དེས་རྒྱལ་ཡོངས་ཀྱི་སྤྱིའི་ཐོན་འབོར་གྱི་60%ཙམ་བཟུང་བ། ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་200ཙམ་ཟིན་པའི་ཁྲོད་རྒྱལ་ནང་དུ་འཚོང་ཚད་80%ཙམ་དང་ཕྱིར་གཏོང་བྱེད་ཚད་20%ཙམ་ཟིན་ནས། ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་200ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།