དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་མཁོ་འཚོང་མཉམ་ལས་ཁང་ཐོག་མ་དེ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-12

    ཚེས་10ཉིན་གྱི་སྔ་དྲོར་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་གྱི་མཁོ་འཚོང་མཉམ་ལས་ཁང་ཐོག་མ་སྟེ“སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྤ་རྭ་གྲོང་ཚོའི་གཞི་རིམ་གྱི་མཁོ་འཚོང་མཉམ་ལས་ཁང”དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དེ་ཐོག་ནས་ལྷ་སའི་མཁོ་འཚོང་བྱ་གཞག་ལ་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞི་རིམ་གྱི་མཁོ་འཚོང་མཉམ་ལས་ཁང་ནི་ཏང་དང་སྲིད་གཞུང་གིས་མཉམ་ལས་དཔལ་འབྱོར་གྱི་རྩ་འཛུགས་རྣམ་པའི་ཐོག་ནས“ཞིང་གསུམ”ལས་དོན་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད། ད་ཐེངས་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་གྱི་མཁོ་འཚོང་མཉམ་ལས་ཁང་ཐོག་མ་བཙུགས་པ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་མཁོ་འཚོང་མཉམ་ལས་ཁང་གིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་དང་གྲོང་གསེབ་དར་རྒྱས་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་མཚོན་པ་མ་ཟད། ད་དུང་ལྷ་ས་གྲོང་ཁྱེར་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་མདུན་ཕྱོགས་སུ་གོམ་པ་གལ་ཆེན་སྤོས་པ་ཡང་མཚོན་ཡོད།

    གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་མཁོ་འཚོང་མཉམ་ལས་ཁང་གིས་རྫོང་དང་ཆུས་ཀྱི་གཞི་རིམ་གྱི་མཁོ་འཚོང་མཉམ་ལས་ཁང་གི་འཕེལ་རྒྱས་འཆར་འགོད་སྔར་བས་ཡག་པོ་བཟོ་རྒྱུ་དང་། མཁོ་འཚོང་མཉམ་ལས་ཁང་གི་འཕེལ་རྒྱས་ཞབས་ཞུའི་དྲ་བ་མགྱོགས་མྱུར་བསྐྲུན་རྒྱུ། ཕྱོགས་བསྡུས་རང་བཞིན་དང་། གཞི་ཁྱོན་ཅན། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་སྒོ་ནས་ཞིང་པར་ཞབས་འདེགས་ཞུ་བའི་མ་ལག་འཚོལ་ཞིབ་བྱས་ནས་བསྐྲུན་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།