ལྷ་ས་ནས་ཉིང་ཁྲིར་སྐྱོད་མཁན་ཚོས་འདིར་ཡིན་གཅིག་གཟིགས་རོགས་གནང་དང་།
G4218གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་ཉིང་ལྷ་དུམ་བུའི་མལ་གྲོ་གུང་དཀར་ནས་རུ་ཐོག་བར་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱེད་རྒྱུའི་སྐོར་གྱི་བརྡ་ཁྱབ།
གཞུང་ལམ་གྱི་སྒྲིག་བཀོད་དང་བདེ་འཇགས་འགན་ལེན་གྱི་ཆུ་ཚད་མཐོ་རུ་བཏང་ནས་འགྲོ་སྐྱོད་བདེ་འཇགས་ཡོང་བའི་དགོས་མཁོ་སྐོང་ཆེད། བོད་རང་སྐྱོང་ལྗོངས་ཀྱི་རིམ་མཐོའི་གཞུང་ལམ་གྱི་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཟླ་10ཚེས་12ཉིན་ནས་བཟུང་G4218གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་ཉིང་ལྷ་དུམ་བུའི་མལ་གྲོ་གུང་དཀར་ནས་རུ་ཐོག་བར་གྱི་ལམ་དུམ་གྱི་ཟམ་པའི་མཐུད་མཚམས་ཁག་གཅིག་ལ་ཉམས་གསོ་བྱེད་རྒྱུ་རེད། དེའི་རིང་ལམ་དུམ་འདིའི་གཞོགས་གཅིག་ལ་འགྲིམ་འགྲུལ་བཀག་སྡོམ་བྱེད་རྒྱུ་ཡིན་པས་ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
གཅིག འགྲིམ་འགྲུལ་བཀག་སྡོམ་གྱི་ལམ་དུམ།
G4218གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་ཉིང་ལྷ་དུམ་བུའི་མལ་གྲོ་གུང་དཀར་ནས་རུ་ཐོག་བར(K1718-K1684)
གཉིས། འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཚོད།
ཟླ་10ཚེས་12ཉིན་གྱི་སྔ་དྲོའི་ཆུ་ཚོད་8:00ནས་བཀག་སྡོམ་བྱེད་རྒྱུ་དང་། སྔོན་དཔག་བྱས་ན་ཉིན་14བཀག་སྡོམ་བྱ་རྒྱུ།
གསུམ། རླངས་འཁོར་བསྐྱོད་སའི་ལམ་ཐིག
ལྷ་ས་ནས་ཉིང་ཁྲིའི་ཕྱོགས་སུ་སྐྱོད་མཁན་རླངས་འཁོར་རྣམས་མལ་གྲོ་གུང་དཀར་གྱི་སྣོལ་ཟམ་ནས་བབས་ཏེ་ལམ་ཐིག་G318ནས་བསྐྱོད་དགོས་པ་དང་རུ་ཐོག་གི་སྣོལ་ཟམ་དུ་སླེབས་རྗེས་སླར་ཡང་མྱུར་བགྲོད་གཞུང་ལམ་ནས་ཉིང་ཁྲིར་སྐྱོད་ཆོག
རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་ཚོས་ཕྱིར་སྐྱོད་ཀྱི་ལམ་ཐིག་གདམ་ག་ཡག་པོ་བྱེད་དགོས་པ་དང་འབྲེལ། ས་ཡུལ་དངོས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་དེ་བཞིན་ལས་དོན་པའི་བཀོད་འདོམས་ལ་ཉན་དགོས་པ་མ་ཟད། ལམ་རྒྱུད་ཀྱི་འགྲིམ་འགྲུལ་མཚོན་རྟགས་ཀྱི་བྱང་བུར་དོ་སྣང་ཡག་པོ་བྱེད་དགོས། དེས་རྐྱེན་པས་སྐུ་ཉིད་ལ་སྟབས་མི་བདེ་བ་བྱུང་ཚེ་དགོངས་འགལ་མེད་པ་ཞུ།
ཆེད་དུ་བརྡ་ཐོ་འདི་བཏང་།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས།
2024ལོའི་ཟླ་10ཚེས་8ཉིན།