ཚན་རིག་མཁས་ཅན་གསུམ་ལ་2024ལོའི་ནོར་པེར་རྫས་འགྱུར་བྱ་དགའ་ཐོབ་པ།
ཟླ་10ཚེས་9ཉིན། སུའེ་ཏེན་གྱི་གྲོང་ཁྱེར་སི་ཐོག་ཁོར་མོར་སྤེལ་བའི་2024ལོའི་ནོར་པེར་རྫས་འགྱུར་བྱ་དགའ་ཁྱབ་བསྒྲགས་བྱ་ཡུལ་དུ། བརྙན་ཤེལ་ཐོག་བྱ་དགའ་ཐོབ་མཁན་ཨ་རིའི་ཝ་ཧྲེང་ཐོན་སློབ་ཆེན་གྱི་ཏའེ་ཝུའེ·པེ་ཁེ་དང་དབྱིན་ཇིའི་ལོན་ཏོན་གུ་ཀེའི་མངའ་འོག་གི་མིས་བཟོས་རིག་ནུས་ཀུང་སིའི“བསམ་གཞིག་ཟབ་མོའི”ཏེ་སྨི་སི·ཧ་ས་པི་སི་དང་གཡོད་ཧན·ཅང་ཕུ་ཡིན་པ་རེད།
ཚེས་9ཉིན་སུའེ་ཏེན་གོང་མ་ཚང་ཚན་རིག་གླིང་གིས་2024ལོར་ནོར་པེར་རྫས་འགྱུར་བྱ་དགའ་དེ་ཚན་རིག་མཁས་ཅན་གསུམ་ལ་སྤྲད་ནས་ཁོང་ཚོས་སྤྲི་དཀར་བཅུད་ཀྱི་འཆར་འགོད་དང་སྤྲི་དཀར་བཅུད་ཀྱི་གྲུབ་ཆའི་སྔོན་དཔག་ཁྱབ་ཁོངས་སུ་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱེད་ཀྱི་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།