མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་3པ་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་གསུམ་པ་ཟླ་9ཚེས་29ཉིན་དྲ་སྦྲེལ་བདེ་བླག་བྱུང་བ་དང་། འཕྲུལ་ཙུའུ་ཡི་ནུས་པ་ཁག་ལ་ཡུན་རིང་བདེ་འཇགས་དང་འཁོར་སྐྱོད་བརྟན་པོ་ཐུབ་པའི་ཆ་རྐྱེན་འཛོམས་ཡོད་པ་རེད།
མར་སྟེང་ཆུ་ཤུགས་གློག་ཁང་ནི་རྨ་ཆུའི་སྟོད་རྒྱུད་དུ་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་དང་འཕྲུལ་འཁོར་ནས་གློག་འདོན་ཚད་མཐོ་ཤོས་ཀྱི་ཆུ་ཤུགས་གློག་ཁང་ཞིག་རེད། དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་རྫོང་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་འབྲེལ་མཚམས་ཀྱི་རྨ་ཆུའི་གཞུང་རྒྱུན་དུ་གནས་པ་དང་། དེ་གའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3300ཟིན་ལ་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་232ཟིན་ཞིང་། ཟླ་12པའི་ཟླ་མཇུག་ཏུ་འཕྲུལ་ཙུའུ་ཡོངས་ནས་གློག་འདོན་འཆར་ཡོད་པ་རེད།