དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་མགྱོགས་པོ་བྱེད་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-11

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་མགྱོགས་པོ་བྱེད་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།

    《བསམ་འཆར》ནང་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། ལས་ཕྱོད་དང་དྲང་གཞག་ལ་ལྟ་རྟོག་བྱེད་པ། སྤྱི་པའི་གྲངས་གཞི་ལུགས་མཐུན་དང་ནུས་ཆེའི་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ། སྤྱི་པའི་གྲངས་གཞི་འཁོར་རྒྱུག་བེད་སྤྱོད་ཀྱི་སྒྲིག་སྲོལ་རང་བཞིན་གྱི་འགལ་རྐྱེན་དང་ལམ་སྲོལ་རང་བཞིན་གྱི་བཀག་རྒྱ་མེད་པར་བཟོ་བ། མཉམ་སྤྱོད་སྒོ་དབྱེའི་སྒུལ་ཤུགས་འཕེལ་བར་བྱེད་པ། སྤྱི་པའི་གྲངས་གཞིའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཁྲོམ་རའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། གྲངས་གཞིའི་གཙོ་རྒྱུ་ཆེར་གཏོང་དང་། ལེགས་གཏོང་། ལྡབ་འཕར་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། གྲངས་གཞིའི་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་ཀྱི་འགྲན་རྩོད་ལེགས་ཆ་གསར་པ་གཏོད་ཆེད་འདེགས་སྐྱོར་བརྟན་པོ་བྱེད་དགོས།

    《བསམ་འཆར》ནང་བསྟན་དོན། ལས་ཀའི་ཁྲོད་སྲིད་གཞུང་གི་མཛུབ་ཁྲིད་དང་ཁྲོམ་རའི་སྐུལ་འདེད་མཐའ་འཁྱོངས་བྱེད་དགོས་ཤིང་། སྲིད་གཞུང་གི་མཛུབ་ཁྲིད་དང་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ། སྤྱི་པའི་གྲངས་གཞི་འདོན་སྤྲོད་རྒྱ་སྐྱེད་ནུས་ལྡན་གཏོང་བ། སྤྱི་པའི་གྲངས་གཞིའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་དང་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཆོས་ཉིད་ལ་བརྩི་འཇོག་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་དགོས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཡུལ་བབ་དང་བསྟུན་ནས་མཉམ་སྤྱོད་སྒོ་དབྱེར་སྐུལ་འདེད་གཏོང་བར་སྐུལ་ལྕག་བྱེད་པ་དང་། གཏན་འབེབས་ལྟར་དབང་བཅོལ་གཉེར་སྐྱོང་འཚོལ་ཞིབ་བྱས་ནས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། བརྒྱུད་རིམ་ལྡན་པའི་སྐུལ་སྤེལ་དང་ཕན་ནུས་ཆེ་བའི་མཐུན་སྦྱོར་མཐའ་འཁྱོངས་བྱེད་དགོས་ཤིང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཚན་དང་ས་གནས་ཀྱི་དོ་དམ་བྱེད་མཚམས་གསལ་པོ་བཟོས་ཏེ་དབང་ཆ་དང་འགན་འཁྲི་ཁ་གསལ་དང་ཕྱོགས་ཁག་མཐུན་སྦྱོར་གྱི་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་པར་བྱེད་དགོས། འཕེལ་རྒྱས་མགྱོགས་པོ་དང་བདེ་འཇགས་སྲུང་སྐྱོང་མཐའ་འཁྱོངས་བྱེད་དགོས་ཤིང་། ལམ་ལུགས་འཛུགས་སྐྱོང་དང་ནུས་པ་འཛུགས་སྐྱོང་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་སྟེ་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་བདེ་འཇགས་ཁྱབ་པར་བྱས་ནས་གྲངས་གཞིའི་ཉེན་ཁ་སྣ་ཚོགས་སྔོན་འགོག་བྱེད་དགོས།

    《བསམ་འཆར》ནང་བཏོན་པའི་དམིཌ་ཚད་གཙོ་བོ་ནི། 2025ལོར་སླེབས་སྐབས། སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལམ་ལུགས་དང་སྒྲིག་སྲོལ་རགས་ཙམ་འཛུགས་པ་དང་། ཐོན་ཁུངས་མཁོ་སྤྲོད་ཀྱི་གཞི་ཁྱོན་དང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། གྲངས་གཞིའི་ཐོན་རྫས་དང་ཞབས་ཞུ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། ལས་རིགས་དང་ས་ཁུལ་གཙོ་བོའི་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་བྱེད་པ། གྲངས་གཞིའི་གཙོ་རྒྱུའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བཅས་བྱས་ནས་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་ཀྱི་གཙོ་རྒྱུའི་ནུས་པ་རགས་ཙམ་ཐོན་པར་བྱེད་དགོས་པ་དང་། 2030ལོར་སླེབས་སྐབས། སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ལམ་ལུགས་དང་སྒྲིག་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་བྱེད་པ། གྲངས་གཞི་འཁོར་རྒྱུག་བེད་སྤྱོད་ལུགས་མཐུན་དང་ནུས་ཆེ་ཡོང་བར་བྱེད་པ། དངོས་ཚན་དཔལ་འབྱོར་ལ་ནུས་པ་སྦྱིན་པ་དང་། འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་བ། མ་འཇོག་གི་བར་མཐོངས་རྒྱ་སྐྱེད་གཏོང་བ། བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་ཁྲོད་ཀྱི་སྤྱི་པའི་གྲངས་གཞིའི་གཙོ་རྒྱུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།