དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཉེན་རྟོག་ལོ་རྒྱུས་ཁང་གི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-11

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་ནས་རྒྱ་ཆེའི་མཐའ་སྲུང་མི་དམངས་ཉེན་རྟོག་པའི་མཉམ་སྡེབ་ཀྱི་གཟི་བརྗིད་བསམ་པ་དང་། ལས་རིགས་ཀྱི་མོས་སེམས། ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས(གཤམ་དུ་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཞེས་བསྡུ་རྒྱུ)ཀྱི་ཉེན་རྟོག་ལོ་རྒྱུས་ཁང་གི་སྒོ་བྱང་ལྷ་སར་བཀལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཉེན་རྟོག་ལོ་རྒྱུས་ཁང་དེ་2024ལོའི་ཟླ་6པར་དངོས་སུ་ལས་མཇུག་འགྲིལ་བ་དང་རྒྱ་ཁྱོན་ལ་སྨི་ངོས་གྲུ་900ཙམ་ཟིན་གྱི་ཡོད། ཉེན་རྟོག་པའི་ལོ་རྒྱུས་ཁང་དུ་དངོས་ཞབས་དུས་སྐབས་དང་ལས་རིགས་ལམ་ལུགས་དུས་སྐབས་ཞེས་ཁག་གཉིས་ཡོད། འགྲེམས་པང་ཁུལ་དང་། དངོས་རྫས་འགྲེམས་སྟེགས་ཁུལ། བརྙན་ལམ་འགྲེམས་ཁུལ་བཅས་17གྱིས་སྲོལ་རྒྱུན་གྱི་འབུར་བརྐོས་དང་། པར་རིས། ཅ་དངོས་བཅས་དང་དེ་བཞིན་སྐོར་བ་གཅིག་གི་བརྙན་སྟོན་དང་། གྱང་ངོས་བརྙན་སྟོན། གློག་རྡུལ་བྱེ་རིས་སོགས་ཀྱི་འགྲེམས་སྟོན་རྣམ་པའི་ཐོག་ནས་བོད་ཀྱི་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་བཙུགས་ཚུན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་། ལས་འགན་གལ་ཆེན་གྱི་སྒྲུབ་རིམ། མཐའ་མཚམས་ས་ཁུལ་དང་འགག་སྒོའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་དང་དེ་བཞིན་ཁྱོན་ཡོངས་དང་། ཟུར་ཚད་མང་བ། ཕྱོགས་བསྡུས་ཀྱི་རྣམ་པ་བཅས་ཀྱི་ཐོག་ནས་དཔུང་ཁག་འཛུགས་སྐྱོང་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།