ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱིས་བཏང་བའི་འདས་བརྡ།
བློ་མཐུན་ཝུའུ་པང་གོ་སྐུ་གཤེགས་པ།
བློ་མཐུན་ཝུའུ་པང་གོ་ཡི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་། འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་སྐུ་ཚེ་ཧྲིལ་པོ་བཅས་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཡིད་ཤིན་ཏུ་སྐྱོ་བའི་ངང་བརྡ་ཁྱབ་གཏོང་རྒྱུ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པ་དང་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་ཡིན་པའི་བློ་མཐུན་ཝུའུ་པང་གོ་སྙུན་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2024ལོའི་ཟླ་10ཚེས་8ཉིན་གྱི་ཆུ་ཚོད་4དང་སྐར་མ་36ལ་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་84རེད།
བློ་མཐུན་ཝུའུ་པང་གོ་1941ལོའི་ཟླ་7པར་འཁྲུངས། ཨན་ཧུའེ་ཧྥེ་ཏུང་བ་ཡིན། ཁོང་སྐུ་ན་ཕྲ་དུས་ནས་མེས་རྒྱལ་ལ་དགའ་ཞེན་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་། ཡར་རྒྱས་བརྩོན་ལེན་བཅས་གནང་གི་ཡོད། 1960ལོ་ནས་1967ལོའི་བར། ཆིང་ཧྭ་སློབ་ཆེན་སྐུད་མེད་གློག་གི་གློག་རྡུལ་རིག་པའི་ཚན་ཁག་གི་གློག་བརྟེན་རླུང་འཇིལ་འཕྲུལ་ཆས་ཀྱི་ཆེད་ལས་སློབ་སྦྱོང་གནང་། 1964ལོའི་ཟླ་4པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1967ལོ་ནས་བཟུང་། སྔ་རྗེས་སུ་ཧྲང་ཧའེ་གློག་རྡུལ་སྦུ་གུ་བཟོ་གྲྭ་གསུམ་པའི་ལག་རྩལ་པ་དང་། ལག་རྩལ་ཁོའོ་ཡི་ཁོའོ་ཀྲང་། ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁྲང་ཀྲང་གཞོན་པ། ཁྲང་ཀྲང་བཅས་དང་། ཧྲང་ཧའེ་གྲོང་ཁྱེར་གློག་རྡུལ་ལྷུ་ལག་བཟོ་ལས་ཀུང་སིའི་ཅིང་ལི་གཞོན་པ་དང་། ཧྲང་ཧའེ་གྲོང་ཁྱེར་གློག་བརྟེན་རླུང་འཇིལ་འཕྲུལ་ཆས་ཀུང་སིའི་ཅིང་ལི་གཞོན་པ། ཧྲང་ཧའེ་གྲོང་ཁྱེར་དཔྱད་ཆས་གློག་འཕྲིན་བཟོ་ལས་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཅས་གནང་།
“རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ་ཁོང་གིས་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་དང་། དངོས་ཐོག་བདེན་འཚོལ། བྱ་སྤྱོད་དངོས་བཅས་ཀྱི་ཐོག་ནས་བཀག་འགོག་གནང་ཡོད།
1983ལོའི་ཟླ་3པ་ནས་1991ལོའི་ཟླ་3པ་བར། བློ་མཐུན་ཝུའུ་པང་གོས་ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། གྲོང་ཨུད་ཚན་རྩལ་ལས་དོན་ཏང་ཨུད་ཀྱི་ཧྲུའུ་ཅི། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཅས་གཅིག་ལྕོགས་གནང་།
1991ལོའི་ཟླ་3པ་ནས་1994ལོའི་ཟླ་9པའི་བར། བློ་མཐུན་ཝུའུ་པང་གོ་ཡིས་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་། 1992ལོའི་ཟླ་10པར་ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལ་བདམས། ཁོང་གིས་བློ་མཐུན་ཏེང་ཞའོ་ཕིང་གིས་ལྷོ་ཕྱོགས་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་ཧུར་ཐག་གནང་བ་མ་ཟད། ཕུའུ་ཏུང་གསར་སྤེལ་དང་སྒོ་དབྱེའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་གནང་ནས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཐོན་ལས་གྲུབ་ཆའི་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ལ་གཙིགས་ཆེན། དམངས་འཚོ་འགན་སྲུང་དང་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་གནང་ནས་ཧྲང་ཧའེ་ཡིས་རྒྱལ་ཁབ་ཕྱི་ནང་དུ་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་ཡོད། ཁོང་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ཡོད།
1994ལོའི་ཟླ་9པར། ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བློ་མཐུན་ཝུའུ་པང་གོ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅིར་གསབ་འདེམས་གནང་། 1995ལོའི་ཟླ་3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་གནང་། དེའི་རིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲི་ཆུའི་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཀྲུང་དབྱང་ཁེ་ལས་ཆེ་གྲས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ཀྲུང་དབྱང་ཁེ་ལས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཀྱི་འགན་གཅིག་ལྕོགས་བཞེས། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་གནང་ནས་སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་གནང་བ་དང་། གཞུང་ཁོངས་ཁེ་ལས་ཆེ་འབྲིང་སྒྱུར་བཅོས་དང་དཀའ་གནད་ལས་སྒྲོལ་བའི་ལོ་གསུམ་གྱི་དམིགས་ཚད་དུས་བཀག་ལྟར་གཞི་རྩའི་ཆ་ནས་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་བ། དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་སྐྱོང་མགྱོགས་སུ་གཏོང་བ། འཐབ་ཇུས་ཀྱི་ཐོག་ནས་གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྲིག་དང་གཞུང་ཁོངས་ཁེ་ལས་བསྐྱར་སྒྲིག ལས་ཞུགས་བསྐྱར་མའི་ལས་དོན་དང་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་གནང་ནས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་ཏུ་གཏོང་ཆེད་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕྱག་ལས་མང་པོ་བསྒྲུབས་ཡོད། ཁོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་འབྲི་ཆུའི་འགག་གསུམ་ལས་གྲྭ་དང་ལྕགས་ལམ་དང་། གཞུང་ལམ། གྲུ་ཁ། སྦྲག་ཏར་འཕྲིན་གཏོང་བཅས་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་ཁག་ཅིག་བསྐྲུན་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད།
2002ལོའི་ཟླ་11པར། ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བློ་མཐུན་ཝུའུ་པང་གོ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལ་བདམས། 2003ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཁོང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་ཤིང་། ཟླ་དེར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས། 2007ལོའི་ཟླ་10པར། ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཁོང་སླར་ཡང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལ་བདམས། 2008ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོར་ཁོང་སླར་ཡང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་ཤིང་། ཟླ་དེར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས། ཁོང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། ལས་ཀའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་བ་བཅས་གནང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་སྒོ་ཚང་དུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
བློ་མཐུན་ཝུའུ་པང་གོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་གི་འགོ་ཁྲིད་པ་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཁོང་གིས་ཁྲིམས་འཛུགས་ལས་དོན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་འགན་ཨང་དང་པོར་བརྩིས་ནས། ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་དང་དམངས་གཙོ་ཁྲིམས་འཛུགས་མཐའ་འཁྱོངས་ཀྱིས་དུས་བབ་གསར་པ་དང་འཚམ་པར་བྱས་ཏེ་འབྲེལ་ཡོད་བཅའ་ཁྲིམས་བཟོ་བ་དང་བཟོ་བཅོས་བརྒྱབ་ནས་བཅའ་ཁྲིམས་གཙང་བཤེར་ལས་དོན་གཅིག་སྡུད་ངང་སྤེལ་ཡོད། ཁོང་གིས་ཀྲུང་དབྱང་རྩ་ཁྲིམས་བཟོ་བཅོས་ཚོགས་ཆུང་གི་ཙུའུ་ཀྲང་གནང་རིང་། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་འགོད་རྒྱུ་སྒྲིག་འཛུགས་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་འཆམ་བྱུང་ཡོད། ཁོང་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་དངོས་པོའི་བདག་དབང་བཅའ་ཁྲིམས་སོགས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཤུགས་རྐྱེན་གལ་ཆེན་ལྡན་པའི་བཅའ་ཁྲིམས་རབ་དང་རིམ་པ་བཟོ་བ་དང་བཟོ་བཅོས་རྒྱག་པའི་ལས་དོན་གཙོ་སྐྱོང་གནང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གྲུབ་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ནི་སྟབས་བསྟུན་དང་། སྒོ་དབྱེ། འཕེལ་རྒྱས་བཅས་ཡིན་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་ཡོད། ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐད། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཚང་མ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་ཏང་གི་སྲིད་སྐྱོང་གནས་བབ་བརྟན་དུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་ཤ་སྟག་ཡིན་པས། གང་གི་དུས་སུ་ཡང་གཡོ་འགུལ་གཏོང་མི་རུང་ཞེས་ནན་བཤད་གནང་ཡོད། ཁོང་གིས་འགོ་འཛུགས་ས་གསར་པ་ནས་ཁྲིམས་འཛུགས་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་གནང་སྟེ། ཁྲིམས་བཟོས་རྗེས་ཀྱི་ཚོད་སྐོར་ལ་འཚོལ་ཞིབ་བྱེད་པའི་ལས་དོན་སྤེལ་བ་དང་ཁྲིམས་བཟོའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་ཡོད། ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། “ལྟེ་བར་དམིགས་པ་དང་། གཙོ་གནད་འབུར་ཐོན། ཕན་འབྲས་དོན་གཉེར”བཅས་ཀྱི་ལྟ་སྐུལ་ལས་དོན་གྱི་བསམ་ཕྱོགས་ཁ་གསལ་བཏོན་གནང་བ་མ་ཟད། ལྟ་སྐུལ་ལས་དོན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ལས་དོན་དེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་དང་བསྟུན་པ་དང་དེར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་གི་ཁྱད་ཆོས་དང་ལེགས་ཆ་འདོན་པར་མཐོང་ཆེན། རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་ཕྱོགས་མང་གྲོས་ཚོགས་རྩ་འཛུགས་དབར་གྱི་མཛའ་གྲོགས་འབྲེལ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་གནང་ནས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་གི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་ཡོད། ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་རྒྱུར་མཐོང་ཆེན་གནང་སྟེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་སྔར་བས་འདོན་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར་འགའ་ཞིག་ཞིབ་འཇུག་དང་གཏན་འབེབས་བྱེད་པར་འགོ་ཁྲིད་དང་། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན། འཐུས་མིའི་ལས་དོན་ལམ་ལུགས་ཅན་ལ་སྔར་བས་སྐུལ་འདེད། རྒྱལ་ཁབ་ཀྱི་དོ་དམ་ལས་དོན་ནང་ཞུགས་པའི་འཐུས་མིའི་ནུས་པ་སྔར་བས་འདོན་སྤེལ་བཅས་གནང་ཡོད། ཁོང་གིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་པ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།
2013ལོའི་ཟླ་3པར། བློ་མཐུན་ཝུའུ་པང་གོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གོ་གནས་འཁུར་མཚམས་བཞག འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་འཐེན་གནང་རྗེས། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་རྒྱབ་སྐྱོར་བཅས་མཐའ་གཅིག་ཏུ་གནང་ཡོད།
བློ་མཐུན་ཝུའུ་པང་གོ་ཡི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་། འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་སྐུ་ཚེ་ཧྲིལ་པོ་བཅས་རེད། ཁོང་སྐུ་གཤེགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུན་ཆེན་པོ་ཞིག་རེད། ང་ཚོས་སྡུག་བསྔལ་སྟོབས་ཤུགས་སུ་འགྱུར་བར་བྱས་ནས་ཁོང་གི་གསར་བརྗེའི་སྙིང་སྟོབས་དང་། བླ་ན་མེད་པའི་ཀུན་སྤྱོད། སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་ཞུས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། གདེང་ཚོད་བརྟན་དུ་གཏོང་བ་དང་བློ་སེམས་གཅིག་མཐུན། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
བློ་མཐུན་ཝུའུ་པང་གོ་ནམ་ཡང་མི་ནུབ་པར་གྱུར་ཅིག