དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་ས་མཐོར་ཤཱ་སྨི་འབྲུག་དབྱིབས་མ་གསོ་ཚགས་བྱས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-09

    མཚོ་སྐྱོར་ལས་བྱེད་པ་ཁག་ལྔ་པའི་སྣེ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་གིས་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་ཞིབ་ཁང་དང་སུའོ་དང་མཉམ་ལས་བྱས་ནས། རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་གདན་དྲངས་ཏེ་ས་བབ་སྨི་3000གི་ས་མཐོར་ཤཱ་སྨི་འབྲུག་དབྱིབས་མ་ཆུང་ཆུང་འཚོ་གནས་དང་གསོ་ཚགས་བྱེད་པའི་དཀའ་གནད་ཐག་གཅོད་བྱས་པ་དང་། ས་མཐོའི་སྐྱེ་ཁམས་དང་འཚམ་པའི“རབས་གཉིས་པའི”མཐོ་གྲང་ཁུལ་གྱི་ཤཱ་སྨི་འབྲུག་དབྱིབས་མ་ཆུང་ཆུང་བདེ་བླག་ངང་གསོ་ཚགས་ཐུབ་ཡོད། འདི་ལོའི་ཟླ་8པར་རྫོང་དེའི་འོམ་ཆུ་གསོ་ཚགས་རྟེན་གཞིའི་ཤཱ་སྨི་འབྲུག་དབྱིབས་མ་ཐོག་མར་བཟུང་ནས་ཁྲོམ་རར་བཙོངས་ཏེ་ས་གནས་དེ་གའི་ཞིང་པར་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

    འདི་ནི་ལས་མིས་ཤཱ་སྨི་འབྲུག་དབྱིབས་མ་བཟུང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།