དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི“དོན་དག་གཅིག”ནུས་ཆེའི་ངང་བསྒྲུབ་རྒྱུ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-09

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “མཚོ་སྔོན་གྱི་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི“དོན་དག་གཅིག”དྲ་ཐོག་ནས་གཉེར་འགོ་ཚུགས་པ་དེ་དབང་པོ་སྐྱོན་ཅན་ལ་མཚོན་ན་གཏམ་བཟང་ཞིག་རེད། འབྲེལ་ཡོད་ལས་སྒོ་གཉེར་བར་དེ་བས་ཕན་འབྲས་ཆེ་བ་དང་སྟབས་བདེ་རུ་ཕྱིན་ཡོད”ཟླ་9ཚེས་30ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གི་གྲོང་མི་ཀྲང་ལགས་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཤིས་ཀོན་ཁྲོམ་གཞུང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གཉེར་བ་དང་། གྲོང་ནུབ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་ལུའི་ཀུའེ་ཤིན་གྱིས་སྐུ་ཞབས་ཀྲང་ལགས་ལ་ལས་སྒོ་གཉེར་རོགས་བྱས་པ་དང་འབྲེལ། དོགས་གནད་དག་ལ་ངང་རྒྱུད་རིང་པོས་ལན་བརྒྱབ་པས་སྐུ་ཞབས་ཀྲང་ལགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

    སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི“དོན་དག་གཅིག”དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ཧུར་ཐག་བཏང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི“དོན་དག་གཅིག”གི་ལག་བསྟར་ཇུས་གཞི》བཀྲམ་པའི་གྲས་སུ་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་སྒྲུབ་གཉེར་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ། ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་ཁ་གསབ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རོགས་སྐྱོར་སོགས་ཞབས་ཞུའི་ནང་དོན་12ཚུད་ཡོད། ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཚོད་ལྟ་བྱ་ཡུལ་དུ་བྱས་ནས། ཟླ་7ཚེས་31ཉིན་མཚོ་སྔོན་ཞིང་ཆེན་གྱི་སྲིད་དོན་ཞབས་ཞུའི་དྲ་བའི་ཐོག་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི“དོན་དག་གཅིག”གི་བྱེད་ནུས་ལ་ཚོད་ལྟ་བྱས་པ་དང་ཆབས་ཅིག་ཚོད་ལྟའི་འཁོར་སྐྱོད་ཁྲོད་ཐོན་པའི་གནད་དོན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་ཡོད། མིག་སྔའི་བར། མཚོ་སྔོན་གྱིས་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི“དོན་དག་གཅིག”ནུས་ཆེའི་ངང་སྒྲུབ་རྒྱུ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་། དྲ་ཕྱིར་སྒྲུབ་གཉེར་བྱེད་པར“སྒོ་གཅིག་ལས་འཛུལ་མི་དགོས་པ”དང་། དྲ་ཐོག་ནས་སྒྲུབ་གཉེར་བྱེད་པར“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱུང་ནས་དྲ་ཐོག་དང་དྲ་ཕྱི་གཉིས་ཀའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།