དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་རྒྱལ་སྟོན་ངལ་གསོའི་རིང་གི་ཁྲོམ་རའི་རིན་གོང་དང་སྒྲིག་ལམ་བརྟན་པོ་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-09

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྟོན་གྱི་ངལ་གསོའི་རིང་། ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་བ། དུས་ཆེན་རིང་གི་འཛད་སྤྱོད་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱ་ཆེད། མཚོ་སྔོན་ཞིང་ཆེན་རིན་གོང་ལྟ་འདོམས་དང་སྒེར་སྡོམ་ངོ་རྒོལ་ཅུས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་དུས་ཆེན་རིང་གི་ཁྲོམ་རའི་རིན་གོང་ལྟ་འདོམས་བྱེད་ཤུགས་ཆེ་རུ་དང་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་དང་སྒྲིག་ལམ་བརྟན་པོ་སྲུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་རིན་གོང་ལྟ་འདོམས་དང་སྒེར་སྡོམ་ངོ་རྒོལ་ཅུས་ཀྱིས《2024ལོའི་རྒྱལ་སྟོན་ངལ་གསོའི་རིང་ཁྲོམ་རའི་རིན་གོང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་ར་ལྟ་འདོམས་ཅུས་གཞུང་དོན་ཁང་གི་བརྡ་ཐོ》དུས་ཐོག་ཏུ་བཀྲམ་ནས་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་ཆེན་རིང་གི་ཁྲོམ་རའི་རིན་གོང་ལྟ་འདོམས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། རིན་གོང་ཁྱབ་ཁོངས་ཀྱི་སྲིད་ཇུས་སྒྲོག་འགྲེལ་དང་དྲན་སྐུལ་བསླབ་སྡོམ་ལས་དོན་ཡག་པོ་སྒྲུབ་པ། སྐོར་བཤེར་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་དམངས་འཚོའི་ཚོང་ཟོག་གལ་ཆེན་དང་ཞབས་ཞུ་མཁོ་སྤྲོད་འགན་ལེན་དང་དེ་བཞིན་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་པ། སྔོན་དཔག་ལ་ཁྲིད་སྟོན་ལུགས་མཐུན་བྱེད་པ། ཁྲོམ་རའི་རིན་གོང་དང་སྒྲིག་ལམ་བརྟན་པོ་ཡོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།