དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབབ་འཕར་ཕྱུག་འགྱུར་གྱི་འབྲས་བཟང་སྨིན་པའི་ཀུ་ཤུ་དམར་པོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲང་ཆིན།   |     སྤེལ་དུས།  2024-10-09

    འདི་ནི་ཟླ་9ཚེས་25ཉིན་ཧྲའན་ཤིས་ཡན་ཨན་ལུའོ་ཁྲོན་རྫོང་དུ་ཤིང་འབྲས་འདེབས་མཁན་ཞིང་པས་ཀུ་ཤུ་འཐུ་བཞིན་པ།

    ད་ལོའི་ཟླ་9ཚེས་11ཉིན་ཀན་སུའུ་ཐེན་ཧྲུའེ་གྲོང་ཁྱེར་མའེ་ཅི་ཆུས་ལྷོ་རིའི་ཧྭ་ཉིའུ་ཀུ་ཤུའི་རྟེན་གཞིར་རྟོག་ཞིབ་གནང་བར་ཕེབས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཤིང་འབྲས་ལྡུམ་རར་ཕེབས་ནས་ཤིང་འབྲས་འདེབས་མཁན་ཞིང་པ་དང་བྱམས་བརྩེའི་བཀའ་མོལ་གནང་སྟེ་ཚང་མར་ཀུ་ཤུའི་ཐོན་ལས་དེ་བས་རྒྱ་སྟོབས་ཆེ་རུ་གཏོང་དགོས་པའི་ལྕག་སྐུལ་གནང་བ་མ་ཟད། ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།

    2015ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཧྲའན་ཤིས་ལེང་ཅ་ཧོ་རུ་ཕེབས་ནས་ཉག་གའི་མཐོ་སར་གནས་པའི་ཀུ་ཤུ་འདེབས་འཛུགས་གླིང་དུ་ཆེད་མངགས་གཟིགས་པ་དང་ཡུལ་མི་སྤུན་ཟླ་ཚོར“ངེས་པར་དུ་བློ་རྩ་བརྟན་པོས་ཀུ་ཤུའི་ཐོན་ལས་ལ་དམ་འཛིན་ཡག་པོ་བྱེད་དགོས”ཞེས་བཀའ་མངགས་གནང་། སྐབས་དེར་ཟིལ་རླབས་དགུང་འཕྱུར་གྱི་དབུལ་སྒྲོལ་འགག་སྒྲོལ་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད།

    2022ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཧྲའན་ཤིས་ཡན་ཨན་ནན་ཀོའུ་གྲོང་ཚོའི་ཀུ་ཤུ་གླིང་དུ་ཕེབས་ནས་ཡུལ་མི་སྤུན་ཟླ་ཚོར“འདི་ནི་ཞིང་ལས་དེང་རབས་ཅན་རེད། ཁྱེད་ཚོར་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚམ་པོ་ཞིག་རྙེད་འདུག”ཅེས་བསྔགས་བརྗོད་གནང་། སྐབས་དེར་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དུང་བརྡ་གྲགས་ཟིན་པ་རེད།

    མི་དམངས་ཀྱི་གཙོ་འཛིན་ཡུལ་མི་སྤུན་ཟླ་ཚོའི་ཤིང་འབྲས་ལྡུམ་རར་ཡང་ཡང་ཕེབས་པ་དེས་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་ལ། ཐུགས་རེ་ཟབ་མོ་བཅོལ་གནང་བ་དེ་བས་མཚོན་གྱི་ཡོད། ཀུ་ཤུའི་ཐོན་ལས་ནི་དམངས་ཕྱུག་ཐོན་ལས་ཤིག་དང་འདེབས་འཛུགས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐོན་ལས་ཀྱི་རྨང་གཞི་ཞིག་རེད། རང་རྒྱལ་གྱི་ཀུ་ཤུ་འདེབས་གསོའི་རྒྱ་ཁྱོན་ལ་མུའུ་ཁྲི་3000ཙམ་ཟིན་པ་དང་ཐོན་འབོར་བསྡོམས་ཏུན་ཁྲི་4757.18ཟིན་པ་དེ་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་ཡོད།

    ལོ་30ལྷག་ཙམ་རིང་འཕེལ་རྒྱས་བཏང་བ་བརྒྱུད། རང་རྒྱལ་གྱི་ཀུ་ཤུའི་ཐོན་ལས་ཀྱི་སྣ་ཁའི་གྲུབ་ཆ་ལེགས་སུ་ཕྱིན་ནས་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་ཆེ་རུ་བརྟན་པོ་སོང་ཡོད། རྒྱལ་ཁབ་ཀྱི་ཀུ་ཤུའི་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་མཁས་ཅན་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མཱ་ཧྥུང་དབང་གིས། འཛད་སྤྱོད་ཀྱི་དགོས་མཁོ་དང་ཐོན་ལས་རིམ་སྤོར་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་བས་ཀུ་ཤུའི་ཐོན་སྐྱེད་བཀོད་པ་བབ་བསྟུན་ལེགས་སྒྲིག་དང་ལེགས་སྒྱུར་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་དང་ཀུ་ཤུ་འདེབས་འཛུགས་དེ་ལེགས་ཆའི་ས་ཁོངས་དང་ཁྱད་ལྡན་ཐོན་ཁུལ་ཕྱོགས་སུ་སྔར་བས་གཅིག་སྡུད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    སྣ་ཁ་ཡག་པོ་ཕན་ཆེའི་འདེམས་གསོ་བྱས་ཤིང་། རང་རྒྱལ་གྱིས་རང་བརྟེན་བདག་དབང་གི་ཀུ་ཤུའི་སྣ་ཁ་གསར་པ་152འདེབས་གསོ་བྱས་པ་དང་། གསར་སྐྲུན་བྱས་པའི་ཤིང་འབྲས་ལྡུམ་ར་70%ལ་རང་རྒྱལ་ནས་ཐོན་པའི་སྣ་ཁ་བཏབ་པས་སྣ་ཁའི་འབྱུང་ཁུངས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་སྣ་ཁའི་འབྱུང་ཁུངས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་རེད། “ཧྭ་ཧྲོ”དང་། “ལུའུ་ལིས” “ཆིན་ཚུའེ” “རུའེ་ཞུའེ”སོགས་ཀྱི་སྤུས་ལེགས་སྣ་ཁ་གསར་པ་གཞི་ཁྱོན་ཅན་གྱི་སྒོ་ནས་འདེབས་འཛུགས་བྱས་ཡོད།

    སྡོང་ཐུང་ལེགས་བསྡུས་ཞིབ་གཉེར་དང་ཕན་ཆེའི་འདེབས་འཛུགས་བྱས་ཤིང་། རང་རྒྱལ་གྱི་གསར་སྐྲུན་ཤིང་འབྲས་ལྡུམ་ར་70%ཡན་ལ་དེང་རབས་ཀྱི་འདེབས་གསོ་བྱེད་སྟངས་སྤྱད་དེ་འཕྲུལ་སྤྱོད་ཅན་གྱིས་ལྡུམ་ར་བསྐྲུན་པ་དང་འཕྲུལ་ཆས་ཅན་གྱི་གཡོག་བྱེད་བྱེད་པ་དང་། ཉི་འོད་ཕོག་ཡུན་རིང་དུ་གཏོང་བ། མེ་ཏོག་དང་འབྲས་ཤིང་ལ་གནད་སྨིན་གཡོག་བྱེད་བྱེད་པ། ས་ལུད་ཆུ་བཅས་ཕན་ཚུན་ཟུང་འབྲེལ་སྒོ་ནས་གཡོག་བྱེད་བྱེད་པ། ནད་དང་གནོད་འབུ་འགོག་བཅོས་ཀྱི་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལེ་ལག་ཚང་བའི་ལག་རྩལ་བཀོལ་སྤྱོད་རྒྱ་ཁྱབ་བྱུང་ཡོད། རིག་ནུས་སྒོ་ནས་ཚོང་རྟགས་ཀྱི་མིང་དང་འཁྱག་ཉར་རླངས་འཁོར་འདེམས་པ་སོགས་ཀྱི་གསོག་འཇོག་དབོར་འདྲེན་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་ཀུ་ཤུའི་དུས་བཅད་ཚོང་ཟོག་དང་། ཐད་ཚོང་ཁང་། དྲ་ཐོག་ཚོང་ཁང་སོགས་ཀྱི་གཉེར་ཚོང་བྱེད་སྟངས་ཀྱིས་ཐོན་ཚོང་གཉིས་ཀ་དར་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།

    ཤར་ནས་ནུབ་དང་ལྷོ་ནས་བྱང་བར་དང་ས་བབ་མཐོ་ཚད་སྨི་བཅུ་གྲངས་ནས་སྨི་2700ལྷག་ཙམ་གྱི་བར་ཀུ་ཤུ་འདི་ཉིད་རང་རྒྱལ་གྱི་ཞིང་ཆེན་མང་པོ་ཞིག་ལ་འདེབས་འཛུགས་ཁྱབ་གདལ་བཏང་བས་ལས་ཞུགས་མི་གྲངས་ཁྲི་ཆིག་སྟོང་ཙམ་ཟིན་ཡོད། ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པ་དང་ཞིང་པའི་ཡོང་འབབ་མང་དུ་ཕྱིན་ནས“ཀུ་ཤུ་དམར་པོ”འབབ་འཕར་གྱི་ཀུ་ཤུར་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།