དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་བཏང་ནས་འབྲི་ཆུ་སྲུང་སྐྱོང་ཆེ་མོའི་ལས་དོན་ལ་མཉམ་དུ་དམ་འཛིན་བྱས་ཏེ།

    མ་ཡུམ་གཙང་པོར་ནམ་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-09

    2023ལོར་འབྲི་ཆུའི་ཆུ་གཞུང་དང་ཆུ་ལག་གི་ཆུ་སྤུས་གདེང་འཇོག་སྤྱི་ཡོངས་ནས་སྤུས་ལེགས་ཀྱི་ཚད་གཞིར་སླེབས་པ།

    རིགས་Iནས་Ⅲབར་གྱི་ཆུ་སྤུས་ཀྱི་བཅད་ཁས་98.5%ཟིན་པ།

    འབྲི་ཆུ་རྒྱུག་ཁོངས་ནས་ཡུལ་ཉ་རིགས་227ལྟ་ཞིབ་ཚད་ལེན་ཐུབ་པ་དེ་2022ལོ་ལས་རིགས་34མང་དུ་ཕྱིན་པ།

    འབྲི་ཆུ་རྒྱུག་ཁོངས་ཀྱི་སྒོར་ཁྲིའི་བཟོ་ལས་ཀྱི་རིན་ཐང་འཕར་མའི་ཆུ་སྤྱོད་ཚད་དེ་2017ལོའི་སྨི་རྒྱ་དཔངས་གྲུ་བཞི་69.4ནས་2022ལོའི་སྨི་རྒྱ་དཔངས་གྲུ་བཞི་42.0བར་ཉུང་དུ་ཕྱིན་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲི་ཆུ་རྒྱུག་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་འབྲི་ཆུའི་དཔལ་འབྱོར་རྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོ་ཡིན་ལ། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡང་རེད”ཅེས་གསུངས་ཡོད།

    ཆུ་མོ་དྭངས་ཤིང་གཙང་ལ་གཙང་པོ་ལང་ལོང་དུ་རྒྱུག འབྲི་ཆུའི་ཆུ་གཞུང་དང་ཆུ་ལག་གི་ཆུ་སྤུས་གདེང་འཇོག་སྤྱི་ཡོངས་ནས་སྤུས་ལེགས་ཀྱི་ཚད་གཞིར་སླེབས་ནས་རིགས་Iནས་Ⅲབར་གྱི་ཆུ་སྤུས་ཀྱི་བཅད་ཁ་ཡིས་98.5%ཟིན་ཡོད། འབྲི་ཆུའི་ཆུ་གཞུང་གི་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་ཡོད་ཆུ་ངོགས་2441བེད་སྤྱོད་རྣམ་གྲངས་ལ་སྤྱིའི་ཆ་ནས་དག་ཐེར་ལེགས་གྲུབ་ཟིན་པ་དང་། རིང་ཚད་སྤྱི་ལེ་162ཟིན་པའི་ཆུ་ངོགས་ས་ཆ་ཕྱིར་སྤྲོད་བྱས་ཡོད། ཉ་གསེར་མིག་དྭངས་གཙང་ཆུ་ལ་འཁོར། 2023ལོར་འབྲི་ཆུ་རྒྱུག་ཁོངས་ནས་ཡུལ་ཉ་རིགས་227ལྟ་ཞིབ་ཚད་ལེན་ཐུབ་པ་དེ་2022ལོ་ལས་རིགས་34ལྷག་ཙམ་མང་དུ་ཕྱིན་ཡོད་པ་དང་། འབྲི་ཆུར“ལོ་བཅུ་ཉ་རྒྱ་བསྡམས་པའི”བྱ་སྤྱོད་ཀྱིས་ཆུ་ཐོན་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་ཡོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཆུ་གྲོན་ཆུང་གཙིགས་ཆེར་བཟུང་བས། འབྲི་ཆུ་རྒྱུག་ཁོངས་ཀྱི་སྒོར་ཁྲིའི་GDPཡི་ཆུ་སྤྱོད་ཚད་དེ་2017ལོའི་སྨི་རྒྱ་དཔངས་གྲུ་བཞི་70.0ནས་2022ལོའི་སྨི་རྒྱ་དཔངས་གྲུ་བཞི་49.1བར་ཉུང་དུ་ཕྱིན་ཡོད།

    ཆུ་ལམ་རྩེ་གྲ་ཤར་བགྲོད་དང་ཐཱན་འབུད་ཚད་ཉུང་དུ་ཕྱིན་ཞིང་། ད་ལོའི་ཟླ་དང་པོ་ནས་བདུན་པ་བར་ཆུ་གཞུང་གི་གྲུ་ཁ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་22ཟིན་པ་དང་གློག་སྒུལ་རྐྱང་པའི་གྲུ་གཟིངས་ཕར་འགྲོ་ཚུར་འོང་བྱེད་ཅིང་ལྗང་མདོག་གི་གྲུ་ཁ་ནི་དེར་ཕྲ་རྒྱན་བཏབ་པ་ལྟར་དུ་གནས། “ལྗང་མདོག་སྒུལ་ཤུགས”དེ་བས་ཆེ་རུ་ཕྱིན་ཞིང་། ཝུའུ་ཏུང་ཏེ་དང་། པའེ་ཧོ་ཐན། ཤིས་ལུའོ་ཏུའུ། ཤང་ཅ་པེ། འགག་གསུམ། ཀ་ཀྲོའུ་པ་བཅས་ཆུ་མཛོད་6མཉམ་འབྲེལ་བཀོད་གཏོང་བྱས་པས། གློག་ཁག་དྲུག་ནས་གློག་གཏོང་ཐུབ་སྟེ་འཛམ་གླིང་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་ཀྱི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་7169.5ཟིན་ཡོད།

    (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཧའོ)

    སྐྱེ་ཁམས་སྔོན་ལ་བཞག་པ།

    ཉེ་བའི་ལོ་ཤས་རིང་། ཧུའུ་པེ་དབྱི་ཁྲང་གིས་འབྲི་ཆུའི་འགག་གསུམ་གྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་བས་སྐྱེ་ཁམས་དེ་བས་མཛེས་པ་དང་མི་སེར་དེ་བས་ཕྱུག་ཏུ་སོང་ཞིང་། འདི་ནི་འབྲི་ཆུའི་ཧུའུ་པེ་དབྱི་ཁྲང་ཤིས་ལིན་འགག་གི་དུམ་བུར་གཙང་ཆུ་སྔོན་མོ་དྲག་ཏུ་རྒྱུག་བཞིན་པ། ཝུའུ་ཁྲེང་ཀྲུང་གིས་པར་བླངས།

    ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་ཆུ་རྩ་གསོ་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་པ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གྲངས་འབོར་ཡང་མང་དུ་རྒྱུན་མཐུད་ཕྱིན་ཡོད་ཅིང་། འདི་ནི་མཚོ་བོད་ས་མཐོར་གནས་པའི་གཙང་གསུམ་ཆུ་འགོ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ལུང་གིས་པར་བླངས།

    ཧུའུ་ནན་གཡོད་དབྱང་ཅུན་ཧྲན་ཆུས་ཀྱིས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་མར་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ལྗང་མདོག་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། འདི་ནི་འབྲི་ཆུའི་ཧུའུ་ནན་གཡོད་དབྱང་ཅུན་ཧྲན་ཆུས་དུམ་བུའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཡིན་པ། ལི་ཅན་གྱིས་པར་བླངས།

    འདི་ནི་སི་ཁྲོན་དབྱི་པིན་གྱི་སྐོར་སྲུང་རུ་མིས་འབྲི་ཆུའི་ཟུར་གྱི་ཉ་རིགས་ཀྱི་སྒོ་ང་གཏོང་ས་ཞིག་ཏུ་སྐོར་སྲུང་བྱེད་བཞིན་པ། ཀྲོང་ཀེར་གྱིས་པར་བླངས།

    འདི་ནི་ཟླ་9ཚེས་8ཉིན་འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཅང་ཤིས་ཅིའུ་ཅང་གྲོང་ཁུལ་དུམ་བུའི་ཡིད་དུ་འོང་བའི་མཛེས་ལྗོངས་ཡིན་པ། ཀྲུའུ་ཧའེ་ཕུང་གིས་པར་བླངས།

    འབྲི་ཆུའི་ཨན་ཧུའེ་ཝུའུ་ཧུའུ་དུམ་བུའི་བཅོས་སྐྱོང་ལས་གྲྭ་བསྐྲུན་ཟིན་རྗེས་ཆུ་ལོག་འགོག་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཏེ་སྐྱེ་ཁམས་ཁོར་ཡུག་ལེགས་སུ་འགྲོ་རྒྱུ་ཡིན་ཞིང་། འདི་ནི་འབྲི་ཆུའི་ཨན་ཧུའེ་ཝུའུ་ཧུའུ་དུམ་བུའི་བཅོས་སྐྱོང་ལས་གྲྭའི་ལས་ཡུལ་ཡིན་པ། ཤའོ་པེན་ཞང་གིས་པར་བླངས།

    ཉེ་བའི་ལོ་ཤས་རིང་། ཅང་སུའུ་ནན་ཅིང་མུའུ་ཡན་མཚོ་འགྲམ་མཛེས་ལྗོངས་ཁུལ་གྱིས་འབྲི་ཆུའི་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཆུ་ངོགས་སླར་གསོ་ཡོང་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཞིང་། འདི་ནི་ཅང་སུའུ་ནན་ཅིང་མུའུ་ཡན་མཚོ་འགྲམ་མཛེས་ལྗོངས་ཁུལ་ཡིན་པ། ཧྥང་ཏུང་ཤུས་ཀྱིས་པར་བླངས།

    ལྗང་མདོག་འཕེལ་རྒྱས་བཏང་བ།

    འབྲི་ཆུ་རྒྱ་མཚོར་འདུས་སའི་ཧྲང་ཧའེ་ཡི་རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་ཟམ་མི་ཆད་པར་འགྲོ་བཞིན་ཡོད། འདི་ནི་ཧྲང་ཧའེ་ཕུའུ་ཏུང་གི་ས་ཁམས་མཚོན་རྟགས་ཀྱི་སྐྲུན་དངོས་ཁྱུ་ཚོགས་ཡིན་པ། ཝང་ཁྲུའུ་ཡིས་པར་བླངས།

    པའེ་ཧོ་ཐན་ཆུ་ཤུགས་གློག་ཁང་ནི་ཡུན་ནན་ཆའོ་ཅ་རྫོང་དང་སི་ཁྲོན་ཉིང་ནན་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་ཆུ་གཞུང་དུ་གནས་པ་དང་དེ་ནི་འགག་གསུམ་ལས་གྲྭའི་རྗེས་ཀྱི་འཛམ་གླིང་གི་ཆུ་ཤུགས་གློག་ཁང་ཆེ་གྲས་གཉིས་པ་དེ་ཡིན་ཞིང་། འདི་ནི་པའེ་ཧོ་ཐན་ཆུ་ཤུགས་གློག་ཁང་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲེན་ཤིན་པོ་ཡིས་པར་བླངས།

    ཚོད་རྩིས་བརྒྱབ་པར་གཞིགས་ན། “འགག་གསུམ་ཆིང་གྲུ་དང་པོ”རྟགས་ཅན་དེ་སྲོལ་རྒྱུན་གྱི་འབར་སྣུམ་སྒུལ་ཤུགས་སུ་བྱས་པའི་གྲུ་གཟིངས་དང་བསྡུར་ན་ལོ་ལྟར་དབྱང་གཉིས་ཐཱན་རྫས་ཏུན་343.67འབུད་གཏོང་བྱེད་ཉུང་དུ་གཏོང་ཐུབ་ཅིང་། འདི་ནི་ཆིང་ནུས་གློག་རྫས་ཀྱི་སྒུལ་ཤུགས་གྲུ་གཟིངས“འགག་གསུམ་ཆིང་གྲུ་དང་པོ”རྟགས་ཅན་འབྲི་ཆུའི་སྟེང་དུ་སྐྱོད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཤའོ་དབྱི་ཅིའུ་ཡིས་པར་བླངས།

    སྐྱེ་ཁམས་བཟང་པོས་ཡུལ་སྐོར་བ་མང་དག་ཅིག་གླིང་ཕྲན་དུ་ཡུལ་སྐོར་ལ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཉེ་བའི་ལོ་ཤས་རིང་། ཀོང་དབྱང་གླིང་ཕྲན་གྱིས་གཙང་པོ་དང་ཆུ་བོའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་དེ་ཤུགས་རྒྱག་སར་བྱས་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། འདི་ནི་གྲོགས་པོ་ཆུང་ཆུང་ཚོས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་དཀྱིལ་གླིང་ཕྲན་ཆེ་ཤོས་ཏེ། ཁྲུང་ཆིང་ཀོང་ཏའོ་གླིང་ཕྲན་དུ་བྱ་འཕུར་གློད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཆོན་ཁྲའོ་ཡིས་པར་བླངས།

    ▲ འབྲི་ཆུ་རྒྱ་མཚོར་འདུས་སའི་ཧྲང་ཧའེ་ཡི་རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་ཟམ་མི་ཆད་པར་འགྲོ་བཞིན་ཡོད། འདི་ནི་ཧྲང་ཧའེ་ཕུའུ་ཏུང་གི་ས་ཁམས་མཚོན་རྟགས་ཀྱི་སྐྲུན་དངོས་ཁྱུ་ཚོགས་ཡིན་པ། ཝང་ཁྲུའུ་ཡིས་པར་བླངས།

    ▲ པའེ་ཧོ་ཐན་ཆུ་ཤུགས་གློག་ཁང་ནི་ཡུན་ནན་ཆའོ་ཅ་རྫོང་དང་སི་ཁྲོན་ཉིང་ནན་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་ཆུ་གཞུང་དུ་གནས་པ་དང་དེ་ནི་འགག་གསུམ་ལས་གྲྭའི་རྗེས་ཀྱི་འཛམ་གླིང་གི་ཆུ་ཤུགས་གློག་ཁང་ཆེ་གྲས་གཉིས་པ་དེ་ཡིན་ཞིང་། འདི་ནི་པའེ་ཧོ་ཐན་ཆུ་ཤུགས་གློག་ཁང་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲེན་ཤིན་པོ་ཡིས་པར་བླངས།

    ▲ ཚོད་རྩིས་བརྒྱབ་པར་གཞིགས་ན། “འགག་གསུམ་ཆིང་གྲུ་དང་པོ”རྟགས་ཅན་དེ་སྲོལ་རྒྱུན་གྱི་འབར་སྣུམ་སྒུལ་ཤུགས་སུ་བྱས་པའི་གྲུ་གཟིངས་དང་བསྡུར་ན་ལོ་ལྟར་དབྱང་གཉིས་ཐཱན་རྫས་ཏུན་343.67འབུད་གཏོང་བྱེད་ཉུང་དུ་གཏོང་ཐུབ་ཅིང་། འདི་ནི་ཆིང་ནུས་གློག་རྫས་ཀྱི་སྒུལ་ཤུགས་གྲུ་གཟིངས“འགག་གསུམ་ཆིང་གྲུ་དང་པོ”རྟགས་ཅན་འབྲི་ཆུའི་སྟེང་དུ་སྐྱོད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཤའོ་དབྱི་ཅིའུ་ཡིས་པར་བླངས།

    ▲ སྐྱེ་ཁམས་བཟང་པོས་ཡུལ་སྐོར་བ་མང་དག་ཅིག་གླིང་ཕྲན་དུ་ཡུལ་སྐོར་ལ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཉེ་བའི་ལོ་ཤས་རིང་། ཀོང་དབྱང་གླིང་ཕྲན་གྱིས་གཙང་པོ་དང་ཆུ་བོའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་དེ་ཤུགས་རྒྱག་སར་བྱས་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། འདི་ནི་གྲོགས་པོ་ཆུང་ཆུང་ཚོས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་དཀྱིལ་གླིང་ཕྲན་ཆེ་ཤོས་ཏེ། ཁྲུང་ཆིང་ཀོང་ཏའོ་གླིང་ཕྲན་དུ་བྱ་འཕུར་གློད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཆོན་ཁྲའོ་ཡིས་པར་བླངས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།