དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་བོད་ཀྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་དུས་མཚུངས་ལས་13.34%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-09

    འདི་ལོ་ཚུན་དུ། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་གནད་སྨིན་ཇུས་བསྟར་བྱས་ཏེ། དངུལ་ཁང་དང་དངུལ་རྩའི་སྒྲིག་གཞི་ཁག་གིས་ཡིད་རྟོན་དངུལ་བུན་གཏོང་ཚད་རྒྱུན་མཐུད་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་པས། ཟླ་8པའི་ཟླ་མཇུག་བར། བོད་ཀྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6697.61ཟིན་པ་དུས་མཚུངས་ལས་13.34%འཕར་ཡོད་པ་དང་། དེ་རྒྱལ་ཡོངས་ཀྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་ཆ་སྙོམས་འཕར་ཚད་དང་བསྡུར་ན་བརྒྱ་ཆའི་གྲངས་5ལྷག་ཙམ་གྱིས་མཐོ་བ་དང་འཕར་ཚད་ཟླ་བ་གསུམ་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཡོད། ལྗོངས་ཡོངས་ཀྱི་དངུལ་ཁང་དང་དངུལ་རྩའི་སྒྲིག་གཞི་ཁག་གིས་ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོ་འཕེལ་རྒྱས། གྲངས་འཛིན་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཕྱོགས་བསྡུས་ཐོག་ལག་ལེན་བསྟར་ཏེ་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ཕན་འབྲས་ཆེ་རུ་བཏང་ཡོད། ཟླ་8པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་ཀུན་ཕན་ཁེ་ལས་ཆུང་ཕྲན་གྱི་དངུལ་བུན་ལྷག་གྲངས་ནི་སྒོར་དུང་ཕྱུར་450.99ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།