དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་གི་བཀའ་དྲིན་དང་། སྲོག་ཤིང་། མི་དམངས་བཅས་ལ་བསྟོད་པའི་སྒྱུ་རྩལ་ཏང་སློབ《འཕྲིན་ཡིག་ཐུང་ཡང་བརྩེ་བ་ཟབ》ཅེས་པ་འཁྲབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-09

    འདི་ནི་སྒྱུ་རྩལ་གྱི་ཐོག་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་རྗེས་ཀྱི་རྣམ་པ་མཚོན་པར་བྱེད་པ།

    ཉེ་ཆར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་གཉེར་འགན་འཁུར་བའི་ཏང་གི་བཀའ་དྲིན་དང་། སྲོག་ཤིང་། མི་དམངས་བཅས་ལ་བསྟོད་པའི་སྒྱུ་རྩལ་ཏང་སློབ《འཕྲིན་ཡིག་ཐུང་ཡང་བརྩེ་བ་ཟབ》ཅེས་པ་བོད་ལྗོངས་ཟློས་གར་ཁང་ཆེ་མོར་འཁྲབ་འགོ་ཚུགས་ཏེ། རྒྱ་ཆེའི་ལྟད་མོ་བ་ཚོར་ཡིད་སེམས་འགུལ་བའི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།

    སྒྱུ་རྩལ་ཏང་སློབ《འཕྲིན་ཡིག་ཐུང་ཡང་བརྩེ་བ་ཟབ》ཅེས་པ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་དམངས་ལ་གསུང་ཚིག་ནན་ཞིང་ཐུགས་ཁུར་ཟབ་པའི་འཕྲིན་ལན་བཞི་བསྐུར་གནང་བར་དམིགས་ཏེ་ཡུལ་རྣམ་ཟློས་གར་གྱི་སྒྱུ་རྩལ་རྣམ་པའི་ཐོག་ནས་བསྟན་པ་དང་། ས་མཐོའི་བུ་ཕྲུག་ཚོས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོར་བཀའ་དྲིན་ཚོར་སེམས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།