དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་སྐྱ་རྫོང་གིས་རྒྱལ་ཁབ་ཀྱི་སྤྱི་སྐད་གཏམ་བཤད་དང་རིག་རྩལ་འཁྲབ་སྟོན་གྱི་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-08

    ཉེ་ཆར་ས་སྐྱ་རྫོང་གིས“འཕོ་འགྱུར་གླེང་བ་དང་། མྱོང་ཚོར་གླེང་བ། ཏང་གི་བཀའ་དྲིན་དྲན་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས”ཞེས་པའི་རྒྱལ་ཁབ་ཀྱི་སྤྱི་སྐད་གཏམ་བཤད་དང་རིག་རྩལ་འཁྲབ་སྟོན་གྱི་འགྲན་བསྡུར་བྱས་པ་རེད།

    གཏམ་བཤད་འགྲན་བསྡུར་དེ་ཏང་ཡོན་དང་མང་ཚོགས་ཀྱི་ཚོགས་ཆུང་དང་ལས་བྱེད་པའི་ཚོགས་ཆུང་གཉིས་སུ་ཕྱེ་བ་དང་། བདམས་ཐོན་པ་ཚོས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་མི་སྒེར་གྱི་ཉམས་མྱོང་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བབ་ཆགས་པའི་སྐད་ཆ་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ཐོག་ནས་ས་སྐྱ་རྫོང་གི་འཕེལ་རྒྱས་དང་འཕོ་འགྱུར་དང་དེ་བཞིན་མི་སྒེར་གྱི་འཚར་ལོངས་ཀྱི་མྱོང་ཚོར་གླེང་ནས་ས་སྐྱ་རྫོང་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ལུགས་གང་ལེགས་མཚོན་པ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་ལུགས་དང་ཐུགས་རྗེ་ཆེ་ཞུ་ལུགས་གང་ལེགས་མཚོན་པར་བྱས་པ་རེད།

    ཞལ་དཀར་ཤང་གི་བདམས་ཐོན་པ་ཚེ་རིང་བཟང་མཆོག་གིས“ད་ཐེངས་ཀྱི་འགྲན་བསྡུར་བརྒྱུད་ངས་ཏང་གི་འགོ་ཁྲིད་འོག་ས་སྐྱ་རྫོང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ཚོར་བྱུང་། འགྱུར་ལྡོག་དེ་དག་ལས་དངོས་པོའི་འཚོ་བ་ལེགས་སུ་ཕྱིན་པ་མཚོན་པ་མ་ཟད། མི་རྣམས་ཀྱི་བསམ་པའི་ཉམས་འགྱུར་ལེགས་སུ་ཕྱིན་པ་ཡང་མཚོན་གྱི་ཡོད། ང་ཚོ་ཚང་མ་ནི་འགྱུར་ལྡོག་དེ་དག་ལ་དཔང་པོ་བྱེད་མཁན་དང་དེ་དག་ལས་ཕན་པ་འཐོབ་མཁན་ཤ་སྟག་རེད། ངའི་གཏམ་བཤད་བརྒྱུད་མི་དེ་བས་མང་བས་ས་སྐྱ་རྫོང་གི་འཕེལ་རྒྱས་དང་འགྱུར་ལྡོག་ཤེས་རྟོགས་ཐུབ་པ་དང་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་གནང་ལུགས་ཚོར་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།