དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོ་མོ་རྫོང་གིས་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-08

    གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པ་སྤེལ་འགོ་བཙུགས་ཚུན། གྲོ་མོ་རྫོང་གིས་སྤོ་མི་རུང་བའི་རིག་དངོས་ཀྱི་ཕྱི་རོལ་ཡོངས་བཤེར་གྱི་གྲངས་གཞི་བསྡུ་ལེན་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། “ཞིབ་བཤེར་བྱེད་དགོས་རིགས་ཚང་མར་ཞིབ་བཤེར་དང་། ཞིབ་ཚཌ་བྱེད་དགོས་རིགས་ཚང་མར་ཞིབ་ཚགས། འགན་ལེན་བྱེད་དགོས་རིཌ་ཚང་མར་འགན་ལེན”བཅས་ཀྱི་ལས་ཀའི་འདུ་ཤེས་མཐའ་འཁྱོངས། ལས་ཀའི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

    གྲོ་མོ་རྫོང་གི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་རུ་ཁག་གིས་ཡོངས་བཤེར་གྱི་ལས་འགན་སྒྲུབ་རིང་། རིག་དངོས་ཆ་འཕྲིན་གྱི་གནད་འཁེལ་རང་བཞིན་མཐོ་རུ་གཏོང་ཆེད། བཅར་འདྲི་བརྟག་ཞིབ་ཧུར་ཐག་བྱས་ནས། ས་གནས་དེ་གའི་མང་ཚོགས་ལ་བཅར་འདྲི་བྱེད་པ་དང་། རིག་དངོས་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་དང་ཆ་འཕྲིན་རག་ཐབས་བྱེད་པ། མི་སེར་གྱི་ངག་རྒྱུན་ཉན་པ། འབྲེལ་ཡོད་ཚད་ལྡན་ཡིག་ཆའི་ནང་བཀོད་པའི་ཆ་འཕྲིན་ལ་ལྟ་བ། རིག་དངོས་ཀྱི་ཁུངས་སྣེ་སྔོག་འདོན་གཏིང་ཟབ་བྱེད་པ་བཅས་བརྒྱུད་ཕྱོགས་ཡོངས་ནས་ཞིབ་དཔྱད་ཀྱིས་གནས་གཅིག་ཀྱང་མི་ལུས་པའི་བརྩོན་ལེན་བྱས་ཡོད།

    མིག་སྔའི་བར། གྲོ་མོ་རྫོང་གི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་རུ་ཁག་གིས་ཕྱི་རོལ་གྱི་རིག་དངོས་ཁག་46ལ་ཡོངས་བཤེར་བྱས་པའི་ནང“ཡོངས་བཤེར་ཐེངས་གསུམ་པར”རིག་དངོས་ས་ཚིགས་32ལ་བསྐྱར་བཤེར་བྱས་པ་དང་། 2012ལོ་ནས་བཟུང་རིག་དངོས་ས་ཚིགས་8གསར་དུ་རྙེད་པ།“ཡོངས་བཤེར་ཐེངས་བཞི་པར”རིག་དངོས་ས་ཚིགས་6གསར་དུ་རྙེད་པ་བཅས་ཚུད་ཡོད། གོམ་སྟབས་རྗེས་མར་གྲོ་མོ་རྫོང་གི་ཡོངས་བཤེར་རུ་ཁག་གིས་དུས་འགོའི་ས་གནས་ས་ཐོག་གི་བརྟག་ཞིབ་དུས་མཚམས་ཀྱི་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས། ཡོངས་བཤེར་གྱི་ལས་ཕྱོད་སྔར་བས་ཆེ་རུ་དང་སྤུས་ཚད་ལེགས་སུ་བཏང་སྟེ“ཡོངས་བཤེར་ཐེངས་བཞི་པའི”ལས་དོན་ཚད་གཞི་མཐོ་ལ་ལས་ཕྱོད་ཆེན་པོས་ལེགས་གྲུབ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་རིག་དངོས་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། མང་ཚོགས་ལ་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ནས། རིག་དངོས་སྲུང་སྐྱོབ་ཀྱི་འགན་འཁྲི་མི་ཚང་མར་ཡོད་པའི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།