དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མངའ་རིས་སྤུ་ཧྲེང་རྫོང་གི་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་བགྲོད་ལམ་3སླར་གསོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-08

    གསར་འགོད་པས་སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས(གཤམ་དུ་སྤུ་ཧྲེང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར། ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་པི་ལིང་ལའི་མཐའ་མཚམས་ཚོང་དོན་བགྲོད་ལམ་སླར་གསོ་བྱུང་བ་དང་སྦྲགས། སྤུ་ཧྲེང་རྫོང་གི་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་བགྲོད་ལམ་ཏིང་དཀར་དང་། ལབ་རྩེ་ལ། པི་ལིང་ལ་བཅས་3སླར་གསོ་བྱུང་ཞིང་། མིག་སྔའི་བར་མཐའ་མཚམས་ཚོང་དོན་བགྲོད་ལམ་གསུམ་དུ་འཛུལ་སྒྲོལ་མི་ཐེངས་200ལྷག་ཙམ་ཟིན་པ་དང་ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་དངུལ་འབོར་མི་དམངས་ཤོག་སྒོར་ཁྲི་500ལྷག་ཙམ་ཟིན་གྱི་ཡོད་པ་རེད། 

    སྤུ་ཧྲེང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་འབྲེལ་ཡོད་འགན་འཁུར་བས“རི་ཆུ་འབྲེལ་ཞིང་མི་རབས་ནས་མི་རབས་བར་མཛའ་མཐུན་ལྡན་ཡོད” གནའ་རབས་ཀྱི“དར་གོས་ལམ་བུ”ནས་དེང་རབས་ཀྱི“རྒྱུད་གཅིག་ལམ་གཅིག”བར་ཀྲུང་ནེ་རྒྱལ་ཁབ་གཉིས་པོས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་སུ་ཐོག་མཐའ་བར་གསུམ་དུ་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་པ་དང་མཛའ་གྲོགས་ཀྱི་འབྲེལ་བ་ཡུན་རིང་རྒྱུན་བསྐྱངས་ཡོད་ཅེས་ངོ་སྤྲོད་བྱས།

    བགྲོད་ལམ་སླར་གསོ་བྱུང་བའི་ཉིན་དེ་རང་དུ་སྤུ་ཧྲེང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ཞབས་འདེགས་ནུས་ལྡན་ཞུས་ནས་གནས་དེ་ག་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་འགག་སྒྲོལ་གྱི་ཉམས་ལེན་ཡག་པོ་ཡོང་བར་བྱས་པར་ནེ་པ་ལ་ཕྱོགས་ཀྱི་རུ་སྣེ་ཁྲིད་མཁན་འགན་འཁུར་བའི་བསྔགས་བརྗོད་ཐོབ་པ་རེད།

    “རི་ལམ་འགག་སྒོ་བཀག་པ་ནས་བཟུང་ང་རང་ལོ་5ལྷག་ཙམ་རིང་ཀྲུང་གོར་གཉེན་འཕྲད་ལ་ཡོང་རྒྱུ་མ་བྱུང་། འགག་སྒོ་སླར་གསོ་ཐུབ་རྗེས་འཕྲལ་མར་གཉེན་འཕྲད་ལ་ཡོང་བ་དང་ཞོར་དུ་ནེ་པ་ལའི་རྒྱུན་སྤྱོད་མཁོ་ཆས་ཀྱང་ཁྱེར་ནས་འདི་གར་འཚོང་རྩིས་ཡོད”ཅེས་ཏིང་དཀར་བགྲོད་ལམ་ནས་འཛུལ་ཡོང་བའི་ཨ་ཅག་པ་སངས་ཀྱིས་བཤད།

    སྤུ་ཧྲེང་འགག་སྒོ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འགྲོ་འོང་གི་འགག་སྒོ་གཙོ་བོའི་གྲས་ཤིག་ཡིན་ཞིང་། 2023ལོའི་ཟླ་5ཚེས་1ཉིན་ནས་བཟུང་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་སླར་གསོ་བྱས་རྗེས་འགག་སྒོ་དེ་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་2.5ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།