དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་པུར་རུས་སྔོག་འདོན་དང་གསལ་འབྱེད་ལས་དོན་ལེགས་གྲུབ་བྱུང་བ།

    སྔོན་གཤེགས་དཔའ་བོ་8སུ་ཡིན་མིན་གཏན་འཁེལ་བྱུང་བ་མ་ཟད་ཁོང་ཚོའི་གཉེན་ཉེ་ཡང་རྙེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-10-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར། རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་པུར་རུས་རྩད་འཚོལ་རུ་ཁག་དང་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་པུར་རུས་ཀྱི་DNAགསལ་འབྱེད་ཚོད་ལྟ་ཁང་གིས་ས་མཐོའི་ཁུལ་གྱི་རྩད་འཚོལ་གསལ་འབྱེད་ལས་འགན་ཐོག་མ་སྟེ། བོད་ལྗོངས་མངའ་རིས་ས་ཁུལ་གྱི་མིང་མེད་སྔོན་གཤེཊ་དཔའ་བོའི་པུར་རུས་སྔོག་འདོན་དང་གསལ་འབྱེད་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེཊ་གྲུབ་བྱུང་ནས་མིང་མེད་སྔོན་གཤེཊ་དཔའ་བོ་8སུ་ཡིན་མིན་གཏན་འཁེལ་བྱུང་བ་མ་ཟད་ཁོང་ཚོའི་གཉེན་ཉེ་ཡང་རྙེད་པ་རེད། 

    དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་སྲུང་སྐྱོང་ལྟེ་གནས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤིས་ཡུས་ཧྥུང་གིས། 2023ལོ་ནས་བཟུང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུས་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་པུར་རུས་རྩད་འཚོལ་རུ་ཁག་དང་དེ་བཞིན་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་པུར་རུས་ཀྱི་DNAགསལ་འབྱེད་ཚོད་ལྟ་ཁང་སོགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ས་མཐོའི་མཐོ་གྲང་དང་ས་བབ་མཐོ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་མངའ་རིས་ས་ཁུལ་གྱི་མིང་མེད་སྔོན་གཤེགས་དཔའ་བོའི་པུར་རུས་སྔོག་འདོན་དང་གསལ་འབྱེད་ཀྱི་ལས་དོན་རྒྱུན་མཐུད་སྤེལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཁོང་ཚོས་གཞི་གཅིག་ཅན་གྱི་མཉམ་འགུལ་བྱ་ཐབས་སྤྱོད་ཐེངས་དང་པོ་ཡིན་པ་དང་ཆབས་ཅིག པུར་རུས་གཙང་སེལ་དང་། མ་དཔེ་འཚོལ་བསྡུ། སྲུང་སྐྱོབ་ལེགས་སྒྲིག་སོགས་ཀྱི་ལས་དོན་སྤེལ་ནས་པུར་རུས་དང་མཚུན་རྫས་དུས་ཡུན་རིང་པོ་ཕྱི་རོལ་དུ་བཞག་པའི་ཤུགས་རྐྱེན་མི་ཕོག་པ་བྱས་ཡོད། གཞན་ཡང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུས་ད་དུང་ཧྥུའུ་ཏན་སློབ་ཆེན་ཁྲིམས་རའི་ཚན་རིག་ཞིབ་འཇུག་ཁང་སོགས་ཚན་ཞིབ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ལག་རྩལ་གསར་ཤོས་ཀྱི་བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་སྔོན་གཤེགས་དཔའ་བོའི་བྱད་བཞིན་སོར་སློག་གང་ཐུབ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།