དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་གནས་བརྟན་སྲུང་བྱས་ཏེ་དུས་བདེའི་རྣམ་པ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-07

    འདི་ནི་སྨན་གླིང་མཐའ་མཚམས་དོ་དམ་རུ་ཆེན་ཀླུ་ཤར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལས་དོན་སྒྲུབ་བཞིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གི་བཀོད་འཐབ་པས་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

    འདི་ནི་ཉིང་ཁྲིའི་མེ་འཁོར་བབས་ཚུགས་ཀྱི་ལས་དོན་པས་འགྲུལ་པར་ལམ་སྟོན་བཞིན་པ།

    སྤ་སེ་ཞིབ་བཤེར་བྱེད་སའི་སྒོ་ཕྱེ་མ་ཐག་ཉིང་ཁྲི་བབས་ཚུགས་ཀྱི་འགྲུལ་སྐྱེལ་ལས་རེས་པ་ལི་ལེ་ཡི་མཐའ་འཁོར་དུ་འཁོར་སྒྲོམ་འཚོལ་མཁན་མང་ཚོགས་ཀྱིས་ཁེངས། “མང་ཚོགས་མང་པོས་གསབ་སྣོན་འཁོར་སྒྲོམ་དེ་རིགས་ལ་རྒྱུས་མངའ་མེད་པས་ང་ཚོས་རང་འཁྲིའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཚང་མའི་དོགས་གཞིར་ལན་འདེབས་དགོས”ཞེས་ལི་ལེ་ཡིས་བརྗོད་པ་དང་། དེ་རྗེས་མུ་མཐུད་ཚུགས་སྟེགས་ཀྱི་འགྲམ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་ངང་རྒྱུད་རིང་པོས་ལན་འདེབས་པ་དང་ཆེད་ལས་ཀྱི་མཛུབ་ཁྲིད་བྱས།

    “རྒྱལ་སྟོན་གུང་གསེང་རིང་། ང་ཚོ་ཉིང་ཁྲི་བབས་ཚུགས་ཀྱིས་མེ་འཁོར་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་དང་ཆབས་ཅིག དུས་ཆེན་དང་གུང་གསེང་རིང་འགྲུལ་པ་མང་ཤོས་ཀྱི་དུས་ལ་དོ་ཁུར་ཆེན་པོ་བྱས་ཏེ། ཟླ་9ཚེས་30ཉིན་ནས་བཟུང་། གསབ་སྣོན་འཁོར་སྒྲོམ་སྤྱད་ནས་ལམ་རྒྱུད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་བསྐངས་བ་ཡིན”ཞེས་ཉིང་ཁྲི་མེ་འཁོར་བབས་ཚུགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཧན་ཁྲུན་དབང་གིས་ངོ་སྤྲོད་བྱས།

    རྒྱལ་སྟོན་གུང་གསེང་རིང་། ཉིང་ཁྲི་བབས་ཚུགས་ཀྱི་ལྕགས་ལམ་འགྲུལ་སྐྱེལ་ལས་དོན་པ་ཏེང་ཁྲེན་གྱིས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་བྱས་ཤིང་། ཁོང་གིས“ལས་གནས་བརྟན་སྲུང་བྱས་ནས་འགྲུལ་པ་མེ་འཁོར་སྒུག་པ་དང་མེ་འཁོར་ལ་སྡོད་རིང་གི་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ཏེ། ཁོང་ཚོ་བདེ་འཇགས་ངང་འགྲུལ་བཞུད་ཐུབ་པའི་འགན་ལེན་བྱེད་པ་དེ་ནི་ང་ཚོས་མ་ཡུམ་མེས་རྒྱལ་ལ་ཕུལ་བའི་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཡིན”ཞེས་བརྗོད།

    ཚང་མ་རྒྱལ་སྟོན་གུང་གསེང་གི་དགའ་ཚོར་དང་2024ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་ལས་བྱུང་བའི་སྤྲོ་སྣང་ལ་རོལ་བའི་སྐབས་སུ། མི་མང་པོ་ཞིག་གིས“གུང་གསེང་མི་གཏོང་བ”དང་གུང་གསེང་སྐབས“སྒོ་མི་རྒྱག་པར”མུ་མཐུད་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད། ཉིང་ཁྲིའི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་ཏེ་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་དུ་བདེ་འཇགས་ཞིབ་བཤེར་དང་། བྱེད་སྒོ་སྤེལ་ཡུལ་གྱི་སྒྲིག་ལམ་སྲུང་སྐྱོང་། སྐོར་ཞིབ་ལས་རེས། འགྲིམ་འགྲུལ་ཁ་འགྲེམས་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད།

    ད་དུང་སྨན་གླིང་མཐའ་མཚམས་དོ་དམ་རུ་ཆེན་ཀླུ་ཞར་མཐའ་མཚམས་མངགས་གཏོང་ཁང་གིས“ཡུལ་སྐོར་བདེ་འཇགས་སྲུང་སྐྱོང”གི་ཉེན་རྟོག་ལས་དོན་གྱི་ལམ་སྲོལ་ལ་བརྟེན་ནས། ཁོངས་གཏོགས་ཁུལ་གྱི་གཙོ་གནད་ཁུལ་དང་མི་སྣ་འདུ་འཛོམས་ཆེ་ཁུལ་སོགས་ཀྱི་ས་ཁོངས་སུ་ཚན་རིག་དང་མཐུན་པའི་ངང་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ“ཉེན་རྟོག་རླངས་འཁོར་དང་། ཉེན་བརྡ། ཉེན་རྟོག་པ་བཅས་གང་སར་མཐོང་རྒྱུ་ཡོད་པ”བྱས་ནས་ཁོངས་གཏོགས་ཁུལ་ཀྱི་སྤྱི་ཚོགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག མངགས་གཏོང་ཁང་གིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་ཏན་ཏིག་བྱས་ནས་འགྲིམ་འགྲུལ་སྒྲིག་ལམ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད།

    མི་དམངས་ཉེན་རྟོག་པ་ཚོས་གཞན་དང་མི་འདྲ་བའི“གུང་གསེང”བཏང་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་སྲུང་བཞིན་ཡོད། ཁྲོམ་གཞུང་དུ་ཁོང་ཚོའི་བྲེལ་འཚུབ་ཀྱི་གཟུགས་བརྙན་ནི་དུས་ཆེན་རིང་ཐུན་མོང་མ་ཡིན་པ་དང་དྲོ་སྐྱིད་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།