དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • “ཤེས་ལྡན་མི་སྣ་མཉམ་དུ་འཛོམས། ས་མཐོར་ཕུགས་འདུན་དོན་གཉེར་བྱེད”ཅེས་པའི་2024ལོའི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་འོས་སྦྱོར་བྱེད་སྒོ་མཐོ་སློབ་ཏུ་ཐོག་མར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-07

    ཉེ་ཆར། པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་དུ“ཤེས་ལྡན་མི་སྣ་མཉམ་དུ་འཛོམས། ས་མཐོར་ཕུགས་འདུན་དོན་གཉེར་བྱེད”ཅེས་པའི་2024ལོའི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་འོས་སྦྱོར་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོ་དེ་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་བ་རིག་པ། ས་མཐོའི་ཡང་བའི་བཟོ་ལས་སོགས་གཙོ་གནད་ཐོན་ལས་དང་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ཏེ། རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་གྱི་དགོས་མཁོ་303(དེའི་ཁྲོད་ནང་འདྲེན་གྱི་དགོས་མཁོ་96དང་སྟབས་བསྟུན་ནང་འདྲེན་གྱི་དགོས་མཁོ་207)དང་ལག་རྩལ་མཉམ་ལས་ཀྱི་དགོས་མཁོ(ཁས་ལེན་གཙོ་འགན)34འོས་སྦྱོར་བྱས་པ་རེད།

    བྱེད་སྒོའི་རིང་། བོད་དུ་ལས་ཀ་བྱེད་བཞིན་པའི་པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གྱི་སློབ་གྲོགས་ཀྱི་འཐུས་མི་6གིས་སྤེལ་རེས་གཏམ་བཤད་བྱས་ཤིང་། ཁོང་ཚོས་བོད་དུ་ལས་ཀ་བྱས་པའི་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱས་པ་མ་ཟད། རང་ངོས་ནས་བོད་ལྗོངས་དང་མ་ཡུམ་སློབ་གྲྭའི་དབར་དང་དེ་བཞིན་སློབ་གྲོགས་དང་བོད་ལྗོངས་དབར་སྦྲེལ་ཟམ་བཙུགས་ནས་མ་ཡུམ་སློབ་གྲྭའི་ཐོན་ཁུངས་དང་རྒྱབ་སྐྱོར་དེ་བས་མང་བ་བོད་ལ་ཐོབ་པར་བྱས་ཏེ་བོད་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་ཚན་ཞིབ་ནུས་པ་ཆེ་རུ་གཏོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ནས། བོད་ཀྱི་ཚན་རྩལ་ཡར་རྒྱས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཤེས་ལྡན་མི་སྣ་མཉམ་དུ་འཛོམས། ས་མཐོར་ཕུགས་འདུན་དོན་གཉེར་བྱེད”ཅེས་པའི་2024ལོའི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་འོས་སྦྱོར་བྱེད་སྒོ་མཐོ་སློབ་ཏུ་ཐོག་མར་སྤེལ་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་སྲིད་ཇུས་སྔར་བས་དྲིལ་བསྒྲགས་དང་། ཤེས་ལྡན་པ་ནང་འདྲེན་དང་ལག་རྩལ་མཉམ་ལས་ཀྱི་དགོས་མཁོ་དྲིལ་བསྒྲགས་དང་ངོ་སྤྲོད་རྒྱ་ཁྱབ་བཅས་བྱས་ནས། རིམ་པ་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། གཞི་ཁྱོན་དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཧུར་ཐག་བྱས་ཏེ། བོད་དུ་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བས་ལེགས་ཆ་འདོན་སྤེལ་དང་བློ་རིག་སྐྱེས་སུ་འབུལ་རྒྱུར་ཡིད་དབང་འགུག་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།