ཉིང་པོ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་གྲུམ་ནད་ཕོག་པའི་ནད་པ་བརྒྱ་ཙམ་ལ་གཤགས་བཅོས་བྱས་པ།
ཉིན་ཤས་གོང་། ཁག་བཅུ་པའི་ཉིང་པོའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་འབྲི་རུ་རྫོང་དུ་རུས་ཚིགས་གཤགས་བཅོས་བྱེད་པའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།
སྨན་བཅོས་བྱེད་འགོ་ཚུགས་ཚུན་གྱི་ཉིན་36ཡི་རིང་། ཉིང་པོ་སྨན་བཅོས་ཚོགས་པས་འབྲི་རུ་རྫོང་དང་ཉེ་འཁོར་གྱི་ནད་པ་743ལ་གྲལ་བཤེར་བརྟག་དཔྱད་བྱས་ཏེ་གྲུམ་ནད་ཚབས་ཆེན་ཕོག་མཁན་99དང་རྒྱུས་པའི་ནད་ཕོག་མཁན་2ལ་གཤགས་བཅོས་བྱས་པ་རེད། གཤགས་བཅོས་དེ་དག་ཁྲོད་ནས་གཤགས་བཅོས་7འབྲི་རུ་རྫོང་མི་དམངས་སྨན་ཁང་གི་སྨན་པས་འགན་གཙོ་བོ་ཁུར་ནས་ལེགས་གྲུབ་བྱས་ཤིང་། དེ་ལས་ཉིང་པོ་བོད་སྐྱོར་ལས་དོན་ཚོཌ་ཆུང་གི་ལག་རྩལ་གསོ་སྦྱོང་གི་གྲུབ་འབྲས་མངོན་པ་དང་། བོད་སྐྱོར་ལས་དོན་ཚོཌ་ཆུང་གིས་འབྲི་རུ་རྫོང་ལ་དཀའ་ཚེཌ་ཆེ་བའི་རུས་ཚིཌ་ནད་གཞི་གཤཌ་བཅོས་བྱེད་ཐུབ་པའི་སྨན་བཅོས་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཉིང་པོ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་མུ་མཐུད་འབྲི་རུ་རྫོང་དང་སྨན་བཅོས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ས་གནས་དེ་གའི་མི་དམངས་མང་ཚོགས་ལ་དེ་བས་སྤུས་ལེགས་དང་སྟབས་བདེའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།